ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2024-03-13 14:49:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་གཙོ་གནད་ལས་དོན་གྱི་ལས་བགོས་ཇུས་གཞི》དང《2024ལོ་ནས་2030ལོ་བར་གྱི་རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་མཐོ་རུ་གཏོང་བའི་བྱ་སྤྱོད་ཇུས་གཞི》《ཚད་གཞི་རིམ་སྤོར་བྱས་ཏེ་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པའི་ལས་ཀའི་ཇུས་གཞི》བཅས་ལ་གྲོས་བསྡུར་གནང་ནས་གྲོས་འཆམ་བྱུང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་སྐོར་སྙན་སེང་ཞུས་པར་གསན་པ། 《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད་པ་རེད།
གྲོས་ཚོགས་ཐོག མཇུག་འགྲིལ་མ་ཐག་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་ཞུ》ཡི་ནང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད། སྡེ་ཚན་ཁག་དང་ཚན་པ་ཁག་གིས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་ཆེ་རུ་བཏང་ཐོག “བྱ་བ་ཐམས་ཅད་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་ནུས་པར་ཏན་ཏིག་བསྒྱུར་བ་བྱེད་པ་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་གཏོང་བ་དང་ལས་དོན་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལག་བསྟར་བྱེད་ཐབས་ཞིབ་ཕྲ་བཟོས་ནས། གཙོ་གནད་ལས་དོན་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་དེ་ཞིབ་ཕྲའི་ལག་བསྟར་བྱ་ཐབས་དང་སྲིད་ཇུས་བྱ་ཐབས་ཐོག་དོན་འཁྱོལ་བྱེད་དགོས། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། སྣེ་ཁྲིད་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་པ་དང་། དེའི་ནང་ཞུགས་མཁན་སྡེ་ཚན་གྱིས་གཞོགས་འདེགས་དང་རྒྱབ་སྐྱོར་དམ་ཟབ་བྱས་ཏེ། ཁ་ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུ་དང་མཉམ་ཤུགས་ཤིག་ཆགས་རྒྱུའི་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ནས། རྒྱུན་གཏན་གྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་གྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། 
གྲོས་ཚོགས་ཐོག འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་མཐོ་རུ་གཏོང་བའི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འབྲུ་རིགས་ས་ཞིང་དང་འབྲུ་རིགས་ལག་རྩལ་ལ་བརྟེན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། སྣ་རིགས་དབྱེ་ནས་ཐོན་འབབ་མང་དུ་གཏོང་བའི་ལས་འགན་དང་ས་ཁོངས་དབྱེ་ནས་ཐོན་འབབ་མང་དུ་གཏོང་བའི་བཀོད་སྒྲིག་བྱེད་ཚུལ་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་འདེབས་འཛུགས་ལས་རིགས་དར་རྒྱས་སོགས་འདེགས་སྐྱོར་རང་བཞིན་གྱི་འདུ་འགོད་གལ་ཆེན་ཇུས་འགོད་ལག་བསྟར་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཚད་གཞི་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུ་དང་ཐོན་ལས་ཀྱི་རྣམ་པ་བརྗེ་སྒྱུར་ལ་རོགས་སྐྱོར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཚད་གཞིའི་ལམ་ལུགས་བཟོ་བཅོས་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཁེ་ལས་དང་འཛད་སྤྱོད་པ་སོགས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཏེ། མྱུར་དུ་མཁོ་བ་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་གཅིག་གནད་སྨིན་འཐུས་ཚང་བྱུང་ན་དེ་ཉིད་དུས་ཐོག་ཏུ་འདོན་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཚད་གཞི་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད། 
གྲོས་ཚོགས་ཐོག སློབ་གཉེར་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བྱས་ཐོག ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་དང་སློབ་གྲྭའི་བར། ཚོགས་སྤྱི་བཅས་ཀྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་སྟེ། དེ་བས་དྲང་གཞག་དང་སྤུས་ཚད་དེ་བས་མཐོ་བའི་འོས་འགན་སློབ་གསོ་ཡག་པོ་གཉེར་དགོས། མི་འབོར་འགྱུར་ལྡོག་དང་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་འཚམ་པར་བྱས་ཏེ། འོས་འགན་སློབ་གསོའི་དགོས་མཁོའི་འགྱུར་ལྡོག་ལ་སྔོན་དཔག་དང་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་སྟབས་བསྟུན་རང་བཞིན་དང་འཚམ་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་རང་བཞིན་གྱི་འོས་འགན་སློབ་གསོའི་གྲོན་དངུལ་རྣམས་ལྷུ་ཚིགས་ཞན་སར་ཕྱོགས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད། 
གྲོས་ཚོགས་ཐོག དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བྱ་གཞག་དང་འབྲེལ་བ་ཡོད་ཅེས་བསྟན་ཡོད་པ་དང་། གྲོས་ཚོགས་ཐོག《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཞིང་། གཏན་འབེབས་ཀྱི་བླང་བྱ་དང་ཚད་གཞིར་ནན་པོ་གཞིགས་ཏེ་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་སྟོན་གནང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གྲོས་ཚོགས་ཐོག འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རེ