ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲའོ་ལེ་ཅིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་འགོད་སྤེལ་ནང་ཞུགས་མཁན་གྱི་གསར་འགྱུར་ལས་དོན་པར་གཟིགས་གནང་བ།

2024-03-13 14:48:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚེས་11ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་འགོད་སྤེལ་ནང་ཞུགས་མཁན་ཀྲུང་དབྱང་གི་གསར་འགྱུར་ཚན་པ་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགྱུར་ལས་དོན་པར་གཟིགས་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་གྱི་གསར་འགྱུར་འགོད་སྤེལ་ནང་ཞུགས་མཁན་གྱི་གསར་འགྱུར་ལས་དོན་པ་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་སྣང་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་། ཁྲིམས་སྐྱོང་ཉིན་རེའི་ཚགས་པར་ཁང་སོགས་ཚན་པའི་འགན་ཁུར་བློ་མཐུན་དང་འཐབ་ས་དང་པོའི་གསར་འགྱུར་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད།
ཀྲའོ་ལེ་ཅིས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་སྣེ་ཁྲིད་འོག འབྲེལ་ཡོད་ཚན་པ་དང་གསར་འགྱུར་ཚན་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དྲང་སྲུང་གསར་གཏོད་ཀྱིས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་རྒྱལ་དོན་མཉམ་གྲོས་གནང་བའི་ཡུལ་དངོས་ཀྱི་འཁྲུག་ཆ་དོད་པའི་རྣམ་པ་འགོད་སྤེལ་བྱས་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་སེམས་གཏིང་ནས་དགའ་གུས་ཞུས་པ་མཚོན་པར་བྱས་ཡོད། གཉིས་ནས་ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་དང་། གསོན་ཤུགས། རྒྱ་ཆེའི་གོང་འཕེལ་གྱི་མདུན་ལྗོངས་དྲིལ་བསྒྲགས་དང་འཆད་འགྲེལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཕྱོགས་ཁག་ནས་སྔར་བས་སེམས་ཤུགས་དང་གདིང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། གསུམ་ནས་གྲོས་ཚོགས་ཀྱི་གོ་རིམ་ཅན་གྱི་གསར་འགྱུར་འགོད་སྤེལ་ལས་དོན་དུས་ཐོག་དང་ཡང་དག་པའི་སྒོ་ནས་བསྒྲུབས་པ་དང་། འཐུས་མིས་གྲོས་ཞིབ་དང་གཏམ་བཤད་སྤེལ་བ་དང་འཐུས་མིས་བཏོན་པའི་གྲོས་འགོ་དང་བསམ་འཆར་གང་ལེགས་མངོན་པ། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་། གསར་འགོད་པའི་ཚོགས་འདུ། འཐུས་མིའི་བགྲོད་ལམ། པུའུ་ཀྲང་བགྲོད་ལམ། ཚོགས་པ་སྒོ་དབྱེ་བཅས་ཀྱི་གསར་འགྱུར་འགོད་སྤེལ་ལས་དོན་ཏན་ཏིག་དང་ནུས་འབྲས་ལྡན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད། བཞི་ནས་ཇུས་འགོད་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། ཡིད་རྟོན་རུང་བ་དང་། གཅེས་སུ་འོས་པ། གུས་པར་འོས་པ། གསོན་ཤུགས་རྒྱས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་ཡོད་ཅེས་བསྟན་ཡོད།
ཀྲའོ་ལེ་ཅིས། གསར་འགྱུར་ཚན་པས་ཧུར་བརྩོན་ཆེན་པོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཀྲུང་གོའི་མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད་དང་། ཀྲུང་གོའི་དམངས་གཙོའི་གཏམ་རྒྱུད། ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་བཅས་ཡག་པོ་འཆད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་སོགས་དུས་གཅིག་ཏུ་གཟིགས་པར་ཕེབས་ཡོད། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲའོ་ལེ་ཅིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་འགོད་སྤེལ་ནང་ཞུགས་མཁན་གྱི་གསར་འགྱུར་ལས་དོན་པར་གཟིགས་གནང་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།