ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་མི་སྣས། ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་དང་སྤུས་མཐོའི་གོང་འཕེལ་ལ་ནུས་ལྡན་འདེགས་སྐྱོར་བྱས་ཏེ་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་ཅེས་བརྗོད་པ།

2024-03-07 10:00:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་མི་སྣ་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཚད་མཐོའི་དོ་ཁུར་བྱེད་བཞིན་ཡོད་པ་དང་། ཁོང་ཚོས། ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་མགྱོགས་པོ་བཏང་བ་དེས། རང་ངོས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གང་ལེགས་ཐེབས་པ་དང་དུས་མཚུངས་སུ་ས་ཁུལ་དང་གོ་ལ་ཧྲིལ་པོའི་གོང་འཕེལ་བྱ་གཞག་ལ་ཕན་བདེ་བསྐྲུན་རྒྱུ་རེད་ཅེས་བརྗོད་འདུག

ཐེ་ལན་གྱི་ཙུང་ལིའི་བློ་འདྲི། དེ་སྔའི་ནུས་ཁུངས་པུའུ་ཀྲུང་བི་ཁྲ་ཡིས། ཚོགས་ཆེན་གཉིས་ནི་འཛམ་གླིང་ནས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུངས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་ཀྲུང་གོ་དར་རྒྱས་གོང་འཕེལ་འགྲོ་བཞིན་པ་དང་། ཕྱོགས་ཁག་ལ་སྐྱེ་བོ་ཀུན་གྱི་བསྔགས་བརྗོད་ཞུ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། ཀྲུང་གོའི་ཚན་རྩལ་གསར་གཏོད་དེ་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་བཞིན་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་འཛམ་གླིང་གི་སྔོན་ཚུད་ལ་སླེབས་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ང་ཚོར་བློ་སྒོ་ཡག་པོ་འབྱེད་འབྱུང་ལ། ཐེ་ལན་གྱི་གོང་འཕེལ་ལའང་སྐུལ་འཁྲིད་ཐེབས་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་སྤུས་ཚད་མཐོ་བའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་ཐེབས་རྒྱུར་རེད། ང་རང་ནས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ནི་ཀྲེ་རི་ཡའི་ཞི་བདེ་དང་གདོང་ཐུག་ཐག་གཅོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། པ་པ་ཐུའུ་ཨེན་ཏེས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་ཀྲུང་གོའི་ཐོན་ལས་གོང་འཕེལ་གྱི་འགག་རྩའི་ཚིག་གསར་པ་ཞིག་ཏུ་འགྱུར་མུས་ཡིན་པ་དང་། ང་རང་ནས་ཀྲུང་གོས་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་ཀྱི་ཐད་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་པ་མཐོང་བྱུང་། ཀྲུང་གོའི་རྒྱལ་ཐོན་གནམ་གྲུ་ཆེན་མོ་ཡང་ཀྲུང་གོ་ནས་ཕྱིར་བསྐྱོད་ཡོད་ཅིང་། ང་རང་ནས་ནན་བཤད་བྱེད་འདོད་པ་ནི་ཀྲུང་ཞི་ཞི་ཅིན་ཕིང་གི་ཕུགས་འདུན་ནི་ཀྲུང་གོས་རང་ངོས་གོང་འཕེལ་དང་འགྲན་རྩོད་ནུས་པ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཏུ་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པས། ཕུགས་འདུན་འདི་ནི་ཅི་འདྲའི་གལ་འགངས་ཆེ་བ་ཞིག་ཡིན་ཞེས་གསུངས་པ་རེད།

རྒྱལ་ཁབ་མང་པོའི་མི་སྣས། ཀྲུང་གོའི་གོང་འཕེལ་གྱི་འདུ་ཤེས་ནང་ཞི་བདེ་དང་གོང་འཕེལ་དང་གཉིས་ཕན་མཉམ་རྒྱལ་ནན་བཤད་བྱས་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་ལས་དེ་བས་མང་བ་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་འདུག  འཇར་མན་པིར་ལིན་ཕུའུ་ལུའུ་ཧྲེ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཧྥུར་ཁེ་ཆ་ཕུའུ་ཁེས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ཞིང་དགོངས་པ་ཟབ་པས། གང་འདྲ་བྱས་ནས་འབྱུང་འགྱུར་ལ་འཆར་འགོད་བྱེད་དགོས་པ་མ་ཟད་མཉམ་རྒྱལ་མངོན་འགྱུར་ཐུབ་རྒྱུ་མཁྱེན་གྱི་ཡོད། ཀྲུང་གོ་ནི་འཛམ་གླིང་ཐོག་གང་འདྲ་བྱས་ཏེ་མི་ཐབས་རིག་ནུས་ལ་བརྟེན་ནས་ཞིང་ལས་གོང་འཕེལ་གཏོང་དགོས་པ་ཤེས་པའི་རྒྱལ་ཁབ་ཉུས་ཤས་ཀྱི་གྲས་ཤིག་ཡིན། ང་རང་ནས་ཉེ་དུས་ཐན་སང་ཉི་ཡ་སོགས་ཤར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཏུ་གཟའ་འཁོར་གསུམ་སྡོད་དུས་ཀྲུང་གོས་ཁོང་ཚོར་ཞིང་ལས་ཐོན་སྐྱེད་ལེགས་བཅོས་བྱེད་པར་རོགས་རམ་བྱས་པ་མཐོང་བྱུང་། ཀྲུང་གོ་ནི་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་ཡིན་ཞེས་གསུངས་པ་རེད།

དབྱི་རག་གི་དེ་སྔའི་ཙུང་ལི། ཨ་ཏི་ལེ་·ཨ་པུའུ་ཐུའུ་ལེ་·མའེ་ཧོ་ཏིས། ཀྲུང་གོའི་གོང་འཕེལ་ནི་རྒྱལ་ཁབ་གཞན་དག་གི་མ་དཔེ་ཇི་མ་ཇི་བཞིན་འདྲ་སྤོས་བྱས་པ་ཞིག་མིན་ལ། རྒྱལ་ཁབ་གཞན་གྱི་གོང་འཕེལ་གྱི་བར་མཐོངས་ཀྱང་བཟུང་མེད་ཅིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་འབྲེལ་དྲང་འབྲེལ་གྱི་སྒོ་ནས་ཐུན་མོང་ཁེ་ཕན་གྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་དམ་པ་དོན་དུ་གཉེར་བ་ཞིག་ཡིན་ཞེས་གསུངས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་མི་སྣས། ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་དང་སྤུས་མཐོའི་གོང་འཕེལ་ལ་ནུས་ལྡན་འདེགས་སྐྱོར་བྱས་ཏེ་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད་ཅེས་བརྗོད་པ།

རྒྱལ་ཁབ་གཞན་གྱི་གོང་འཕེལ་གྱི་བར་མཐོངས་ཀྱང་བཟུང་མེད་ཅིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་འབྲེལ་དྲང་འབྲེལ་གྱི་སྒོ་ནས་ཐུན་མོང་ཁེ་ཕན་གྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་དམ་པ་དོན་དུ་གཉེར་བ་ཞིག་ཡིན་ཞེས་གསུངས་པ་རེད།