ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་སྨྱན་སྦྱོར་གྱིས《ཡོ་རོབ་ཀྱི་དམག་འཁྲུག་ལ་བརྟེན་ནས་ཨ་རིའི་དཔལ་འབྱོར་ལ་ཕན་པ་ཇི་ལྟར་ཐོབ་པ་བྱེད》ཅེས་པའི་རྩོམ་ཡིག་སྤེལ་ནས་ཨ་རིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ལ་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱས་པ་ཐེར་འདོན་བྱས་པ།

2024-02-23 09:33:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》གྱི་དྲ་ཚིགས་ཐོག་ཉིན་ཤས་གོང《ཡོ་རོབ་ཀྱི་དམག་འཁྲུག་བརྟེན་ནས་ཨ་རིའི་དཔལ་འབྱོར་ལ་ཕན་པ་ཇི་ལྟར་ཐོབ་པ་བྱེད》ཅེས་པ་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་སྤེལ་ནས། ཨ་རིའི་དཔལ་འབྱོར་ལ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ལས་ཁེ་ཕན་ཆེན་པོ་ཐོབ་པའི་དོན་དངོས་ཐེར་འདོན་བྱས་ཡོད། 
རྩོམ་ཡིག་ནང་། འདས་ཟིན་པའི་ལོ་གཉིས་ནང་། ཨ་རིའི་རྒྱལ་སྲུང་བཟོ་ལས་ཀྱི་མཚོན་ཆ་དང་རྫས་མདེལ་མངགས་ཐོ་མང་དུ་ཤུགས་ཆེན་ཕྱིན་ཡོད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར། ཨ་རིའི་རྒྱལ་སྲུང་དང་མཁའ་སྐྱོད་ཁྱབ་ཁོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་དེ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཐོན་པ་ནས་བཟུང་17.5%འཕར་ཡོད། པའེ་ཏེང་སྲིད་གཞུང་གི་དཔོན་རིགས་ཤིག་གིས། ཨ་སྒོར་དུང་ཕྱུར་950ཟིན་པའི་རྒྱལ་སྲུང་སྔོན་རྩིས་གསབ་སྣོན་གྱི་གྲོས་གཞིའི་ནང་ཨ་སྒོར་དུང་ཕྱུར་607ཡུག་རེན་དུ་བེད་སྤྱོད་གཏོང་རྒྱུའི་དམིགས་འཛུགས་གཏན་འཁེལ་བྱས་ཤིང་དེའི་64%དོན་དངོས་ཐོག་ཨ་རིའི་རྒྱལ་སྲུང་བཟོ་ལས་ནང་ཕྱིར་ལོག་བྱ་རྒྱུ་རེད་ཅེས་བཤད་ཅེས་འཁོད་ཡོད་པ་རེད།
རྩོམ་ཡིག་ནང་། མིག་སྔའི་དུས་བབ་ཀྱིས་ཨ་རི་དང་ཡོ་རོབ་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད། ཨ་རིར་དེ་བས་ཕན་པ་ལྡན་ཡོད། ཨ་རིའི་དམག་གི་བཟོ་ལས་ལ་ཕན་པ་ཐོབ་པ་ནི་མཚོན་ཚུལ་གྱི་གྲས་ཤིག་རེད། ཨུ་རུ་སུའི་རང་བྱུང་སོལ་རླངས་མཁོ་སྤྲོད་ཆད་པ་དེས་ཡོ་རོབ་ཀྱིས་ཨ་རིའི་གཤེར་གྱུར་རང་བྱུང་སོལ་རླངས་ཀྱི་དགོས་མཁོར་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་ཨ་རིའི་གཤེར་གྱུར་རང་བྱུང་སོལ་རླངས་ཕྱིར་གཏོང་བྱེད་ཚད་ལྡབ་གཅིག་ཙམ་མང་དུ་འགྲོ་རྒྱུ་ཡིན་པ་དང་། དེའི་ནང་གསུམ་ཆ་གཉིས་ཙམ་ཡོ་རོབ་ཏུ་ཕྱིར་གཏོང་བྱ་རྒྱུ་རེད་ཅེས་འཁོད་ཡོད།
རྩོམ་ཡིག་ནང་། ཨ་རི་སྲིད་གཞུང་གི་དཔོན་རིགས་ཀྱིས་དེའི་གོང་། ཡུག་རེན་བྱ་དོན་དང་འབྲེལ་བ་ཡོད་པའི་ཐད་བགོས་པའི་མ་དངུལ་གྱིས་ཨ་རིའི་རྒྱལ་སྲུང་བཟོ་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བྱེད་བཞིན་ཡོད་པ་དང་། མཚོན་ཆ་དང་རྫས་མདེལ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། ཁུལ་40ལ་ལས་ཞུགས་ཀྱི་རྒྱབ་སྐྱོར་ཡང་བྱས་ཡོད་ཅེས་བརྗོད་ཡོད་ཅེས་འཁོད་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཨ་རིའི་སྨྱན་སྦྱོར་གྱིས《ཡོ་རོབ་ཀྱི་དམག་འཁྲུག་ལ་བརྟེན་ནས་ཨ་རིའི་དཔལ་འབྱོར་ལ་ཕན་པ་ཇི་ལྟར་ཐོབ་པ་བྱེད》ཅེས་པའི་རྩོམ་ཡིག་སྤེལ་ནས་ཨ་རིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ལ་བརྟེན་ནས་ཕྱུག་པོ་ཆགས་ཐབས་བྱས་པ་ཐེར་འདོན་བྱས་པ།

རྩོམ་ཡིག་ནང་། འདས་ཟིན་པའི་ལོ་གཉིས་ནང་། ཨ་རིའི་རྒྱལ་སྲུང་བཟོ་ལས་ཀྱི་མཚོན་ཆ་དང་རྫས་མདེལ་མངགས་ཐོ་མང་དུ་ཤུགས་ཆེན་ཕྱིན་ཡོད།