ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་གྱི་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གིས་འདེམས་ཤོག་འཕངས་ནས་འཐུས་མི་ཚོགས་པ་ཕ་རི་སིར་དམག་མཚམས་འཇོག་རྒྱུའི་གྲོས་མོལ་ལ་ཞུགས་པར་མངགས་རྒྱུའི་གཏན་འཁེལ་བྱས་པ།

2024-02-23 09:30:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧ་མ་སི་སྨྱན་སྦྱོར་གཞུང་ལས་ཁང་གིས་ཚེས་22ཉིན་གྱི་མཚན་མོར་གསལ་བསྒྲགས་སྤེལ་བའི་ནང་། དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་མང་ཚོགས་ཀྱི་སྡོད་ཁང་4ལ་འཇབ་རྒོལ་བྱས་པ་དང་། མིག་སྔར་མི་40རྐྱེན་ལམ་དུ་ཤོར་བ་དང་མི་100ལྷག་ཙམ་ལ་རྨས་སྐྱོན་ཕོག་པ། འཆི་རྨས་བྱུང་བའི་མི་སྣའི་ཁྲོད་90%ཡན་ནི་བུད་མེད་དང་བྱིས་པ་ཡིན་ཞེས་འཁོད་ཡོད་པ་རེད། དབྱི་སི་རལ་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་སློག་མེད་པ་རེད།
ཕ་ལེ་སི་ཐན་ཀ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཚེས་22ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ན་ནིང་ཟླ་10ཚེས་7ཉིན་གྱི་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་ཚུན། ཀ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱིས་སྤེལ་བའི་དམག་དོན་བྱ་སྤྱོད་ནང་མི་ཁྲི་2.94རྐྱེན་ལམ་དུ་ཤོར་བ་དང་མི་69000ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཡེ་མེན་ཧུའུ་སའེ་དྲག་ཤོག་གི་འགོ་ཁྲིད་པ་ཨ་པུའུ་ཏུའུ་ལེ·མ་ལི་ཁེ·ཧུའུ་སའེ་ཡིས་ཚེས་22ཉིན་གཏམ་བཤད་སྤེལ་ནས། ན་ནིང་ཟླ་10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་གདོང་ཐུག་ཐོན་པ་ནས་བཟུང་། ཧུའུ་སའེ་དྲག་ཤོག་གིས་ཁྱོན་དབྱི་སི་རལ་ལ་འཕུར་མདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་ཐེངས་183བྱས་ཡོད་ཅེས་བཤད་པ་རེད།
དབྱི་སི་རལ་གྱི་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གིས་ཚེས་22ཉིན་གྱི་དགོང་མོར་འདེམས་ཤོག་འཕངས་ནས། འཐུས་མི་ཚོགས་པ་ཞིག་ཕ་རི་སིར་མངགས་ནས་ཀ་ཧྲ་ས་ཁུལ་གྱི་བཀག་ཉར་མི་སྣ་བརྗེ་རེས་དང་དམག་མཚམས་འཇོག་པའི་གནད་དོན་སྐོར་ལ་མཐོ་རིམ་གྲོས་མོལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། མིག་སྔར་དབྱི་སི་རལ་སྲིད་གཞུང་གིས་དེའི་ཐད་རྣམ་འགྱུར་བསྟན་མེད།
རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་དེ་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཕྱི་དྲོ་གྲོལ་བ་རེད། གྲོས་ཚོགས་ཐོག་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་། ཁོངས་གཏོགས་རྒྱལ་ཁབ་ཁག་གིས“འཕྲལ་མར་ཀ་ཧྲ་རུ་མི་ཆོས་རིང་ལུགས་ཀྱི་ཆོག་འཐུས་བཀོད་ནས་དམག་མཚམས་འཇོག་རྒྱུ་མངོན་འགྱུར་ཡོང་བ་བྱ་རྒྱུར” རྒྱབ་སྐྱོར་བྱས་པ་དང་འབྲེལ་ཕ་ལེ་སི་ཐན་རྒྱལ་ཁབ་འདི་ཉིད་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གི་མཐའ་མའི་ཐག་གཅོད་ཇུས་གཞིར་ཁས་ལེན་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

དབྱི་སི་རལ་གྱི་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གིས་འདེམས་ཤོག་འཕངས་ནས་འཐུས་མི་ཚོགས་པ་ཕ་རི་སིར་དམག་མཚམས་འཇོག་རྒྱུའི་གྲོས་མོལ་ལ་ཞུགས་པར་མངགས་རྒྱུའི་གཏན་འཁེལ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧ་མ་སི་སྨྱན་སྦྱོར་གཞུང་ལས་ཁང་གིས་ཚེས་22ཉིན་གྱི་མཚན་མོར་གསལ་བསྒྲགས་སྤེལ་བའི་ནང་།