ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འར་མི་སྣ་དང་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣས་ཀྲུང་གོའི་མི་དམངས་ལ་ལོ་གསར་ཀྱི་བཀྲ་ཤིས་སྨོན་འདུན་ཞུས་པ།

2024-02-09 17:14:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་མང་པོ་ཞིག་གིས་ཉིན་ཤས་བསྟུད་མར་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

དེ་སྔ་ཀྲུང་གོར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་མྱོང་བའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཆེ་ཀའེ་སིས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་བྱ་བ་ལམ་ལྷོང་དང་དེ་བས་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་ཡོད་པ་དང་། ཀེ་སིས། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཀྲུང་གོ་དར་ཞིང་རྒྱས་པ་དང་བསམ་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ། ལོ་གསར་པའི་ནང་ཀྲུང་གོ་དང་ཀྲུང་གོའི་མི་དམངས་རྣམས་བསམ་དོན་ཡིད་བཞིན་འགྲུབ་པ་དང་སྔར་བས་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཕེ་རུའི་ཙུང་ཐུང་པོ་ལུའུ་ཨ་ཐེས་ལོ་གསར་པའི་ནང་ཕེ་རུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་བཅངས་ཡོད། པོ་ལུའུ་ཨ་ཐེས། ཀྲུང་གོའི་ལུགས་རྙིང་ལོའི་འབྲུག་ལོ་འཆར་ལ་ཉེ་བའི་སྐབས་སུ་ངས་ཕེ་རུ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་དང་ཀྲུང་གོ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཧྥ་ཏི་ལས་བཀྲ་ཤིས་པའི་འབྲུག་ལོའི་ནང་མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཚང་མ་བྱ་བ་ལམ་འགྲོ་ཡོང་བའི་རེ་བ་བཅངས་ཡོད། ཧྥ་ཏི་ལ་ཡིས། འདི་ལོ་ནི་མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པས། ང་རང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཡིད་ཆེས་ཡོད་ལ། བཀྲ་ཤིས་འབྲུག་ལོས་ང་ཚོ་མི་རེ་ངོ་རེ་ཚང་མའི་རླུང་རྟ་ཡར་འགྲོ་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འར་མི་སྣ་དང་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣས་ཀྲུང་གོའི་མི་དམངས་ལ་ལོ་གསར་ཀྱི་བཀྲ་ཤིས་སྨོན་འདུན་ཞུས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་མང་པོ་ཞིག་གིས་ཉིན་ཤས་བསྟུད་མར་ཀྲུང་གོ་དང་ཀྲུ