ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཆུ་བེད་སྤྱོད་ལ་གྲོན་ཆུང་བྱེད་དགོས་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་གནང་བ།

2024-03-21 11:16:00     责编:娜科
 

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། ཆུ་བེད་སྤྱོད་ལ་གྲོན་ཆུང་བྱེད་དགོས་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་གནང་ཡོད་པ་དང་། དེ་2024ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

སྲོལ་ཡིག་ལ་ཁྱོནལེའུ6དང་དོན་ཚན་52ཡོད། དེ་ཡང་གཙོ་བོ་གཤམ་གསལ་གྱི་ནང་དོན་དག་གཏན་འབེབས་བྱས་ཡོད་པ་སྟེ།  གཅིག་ནས་ཆུ་གྲོན་ཆུང་གི་ལས་དོན་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱེད་དགོས་པ་བཅས་གཏན་འབེབས་ཁ་གསལ་བྱས་ཡོད། གཉིས་ནས་ཆུ་བེད་སྤྱོད་ཀྱི་དོ་དམ་ཤུགས་ཆེར་བཏང་ནས། ཞིང་ལས་སྐྱེ་དངོས་གཙོ་བོ་དང་། བཟོ་ལས་གཙོ་བའི་ཐོན་རྫས་དེ་བཞིན་ཞབས་ཞུའི་ལས་རིགས་སོགས་ལ་ཆུ་སྤྱོད་རིན་གོང་གཏན་འཁེལ་གྱི་དོ་དམ་བྱེད་པ་དང་། ཆུ་གྲོན་ཆུང་བྱེད་པའི་མངོན་མེད་སྟོབས་ཤུགས་ཆེ་བ་དང་། ཆུ་བེད་སྤྱོད་མང་བའི་ཐོན་རྫས་ལ་ཆུ་སྤྱོད་ནུས་ཕྱོད་མཚོན་རྟགས་འགོད་པའི་དོ་དམ་བྱེད་དགོས། གསུམ་ནས་ཆུ་གྲོན་ཆུང་གི་བྱ་ཐབས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཆུ་སྤྱོད་ནུས་འཕར་དང་ བཟོ་ལས་ཆུ་སྤྱོད་འབུད་བཤངས་ཉུང་དུ་གཏོང་བ། གྲོང་ཁྱེར་དང་གྲོལ་རྡལ་གྱི་ཆུ་སྤྱོད་གྱོང་གུན་ཆུང་དུ་གཏོང་བར་སྐུལ་འདེད་བཏང་ནས། རྒྱུན་གཏན་མིན་པའི་ཆུའི་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། བཞི་ནས་ལྟ་སྐུལ་འགན་ལེན་ཤུགས་ཆེར་བཏང་ནས། ཞིང་ལས་ཆུ་སྤྱོད་གནད་འཕིགས་ཀྱི་ཁ་གསབ་སྒྲིག་གཞི་དང་ཆུ་གྲོན་ཆུང་གི་བྱ་དགའ་སྤྲོད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། ཆ་རྐྱེན་དང་མཐུན་པའི་ཆུ་གྲོན་ཆུང་གི་རྣམ་གྲངས་ལ་ཁ་གསབ་སྤྲད་པ་དང་། ཆུ་གྲོན་ཆུང་གི་ཞབས་ཞུའི་ཐོན་ལས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཆུའི་དབང་ཉོ་ཚོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ལྔ་ནས་ཁྲིམས་ལུགས་ཀྱི་འགན་འཁྲི་དོ་ནན་དུ་བཏང་ནས། རྒྱལ་ཁབ་ནས་བེད་སྤྱོད་བཏང་མི་རུང་བའི་ཁྱབ་བསྒྲགས་བྱས་ཟིན་པའི་རྗེས་ལུས་ཐེབས་པ་དང་། ཆུ་སྤྱོད་ཚད་ཆེ་བའི་ལག་རྩལ། བཟོ་ལས་སྒྱུ་རྩལ། སྒྲིག་ཆས་དང་ཐོན་རྫས་སོགས་བེད་སྤྱོད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ། དེ་མཐུན་གྱི་ཁྲིམས་ལུགས་འགན་འཁྲི་གཏན་འབེབས་བྱས་ཡོད་པ་བཅས་ཡིན།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཆུ་བེད་སྤྱོད་ལ་གྲོན་ཆུང་བྱེད་དགོས་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་གནང་བ།

བཟོ་ལས་སྒྱུ་རྩལ། སྒྲིག་ཆས་དང་ཐོན་རྫས་སོགས་བེད་སྤྱོད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ། དེ་མཐུན་གྱི་ཁྲིམས་ལུགས་འགན་འཁྲི་གཏན་འབེབས་བྱས་ཡོད་པ་བཅས་ཡིན།