ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་དུ་བཅར་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གིས་ཡུན་རིང་བདེ་འཁོད་ཀྱི་འགོག་སྲུང་གྱང་བརྟན་པོ་བཙུགས་ནས། བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་ལེའུ་གསར་པ་གཏོད་དགོས་ཞེས་བསྟན་པ།

2024-03-20 17:23:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅར་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གིས་ཚེས་19ཉིན་གསལ་བསྒྲགས་སྤེལ་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གིས་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་ཅེས་པར་གྲོས་འཆམ་བྱུང་ཡོད། དེ་ནི་ཤང་ཀང་མེས་རྒྱལ་པང་དུ་ལོག་པ་ནས་བཟུང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་གཞན་ཞིག་ཡིན་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་ཚན་23གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་ནན་ཏན་ངང་དོན་འཁྱོལ་བྱེད་པ་མཚོན་གྱི་ཡོད་ལ། དེས་ཤང་ཀང་ཡུན་རིང་བདེ་འཁོད་དང་དར་རྒྱས་བརྟན་ལྷིང་ཡོང་བའི་འགག་སྲུང་གྱང་བརྟན་དུ་བཏང་ཡོད་ཅིང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་མཐོའི་གོང་འཕེལ་ལ་འགན་ལེན་ཐུབ་རྒྱུ་དང་། ཤང་ཀང་དེ་ཉིད་བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་མདུན་ལྗོངས་སྔར་བས་བཀྲག་མདངས་ལྡན་པ་ཞིག་ཡོང་རྒྱུ་རེད་ཅེས་འཁོད་ཡོད།

གསལ་བསྒྲགས་ནང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་ཅེས་པ་ནི་དམངས་འདོད་དང་མཐུན་པ་དང་། བདེ་འཇགས་ལ་འགན་ལེན་ཡོད་པ། གོང་འཕེལ་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་བཅའ་ཁྲིམས་ཤིག་ཡིན་ལ། རྒྱ་ཆེའི་རྒྱལ་གཅེས་ཀང་གཅེས་ཀྱི་གྲོང་མི་ཚོས་ལོ་ངོ་26རིང་རེ་སྒུག་བྱས་པའི་ཁྲིམས་ལུགས་ཞིག་ཀྱང་ཡིན་ཞེས་བསྟན་ཡོད།

    སྲོལ་ཡིག་ལ་བདེ་བླག་ངང་གྲོས་འཆམ་བྱུང་བ་དེའི་ཐོག་ནས་ཤང་ཀང་དེ་བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་དུས་མཚམས་གསར་པའི་རྒྱལ་གཅེས་པས་ཤང་ཀང་བཅོས་སྐྱོང་གི་རྣམ་པ་གསར་པ་མངོན་ཡོད། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་ལྕི་པོ་འཁུར་ནས། ཁྲིམས་ལྟར་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཁྲིམས་གཞིར་གྲོས་ཞིབ་དོ་ནན་བྱེད་པ། ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུ་བ།

 བརྒྱུད་རིམ་ཕྱི་གསལ་ནང་གསལ་དང་ཞིབ་ཚགས་ཞིང་གོ་རིམ་དང་ལྡན་པ། སྤུས་ཚད་མཐོ་པོ་དང་ནུས་ཕྱོད་མཐོ་པོ་བཅས་བྱས་ནས། སྲིད་འཛིན་ཁྲིམས་འཛུགས་ཀྱི་སྤེལ་རེས་བཟང་པོ་དང་། རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་སྒྲུབ་པའི་རྣམ་པ་གསར་པ་མངོན་པ་བྱས་ཡོད། ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་འོག ཤང་ཀང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཤང་ཀང་གི་གོ་སྐབས་ལ་དམ་འཛིན་བྱ་ཐུབ་ངེས་ཡིན་ལ། རྒྱལ་ཁབ་སྟོབས་ཆེའི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཞབས་ཞུ་སྒྲུབ་རིང་རང་ངོས་ཀྱི་གོང་འཕེལ་དེ་བས་ཆེ་བ་མངོན་འགྱུར་ཐུབ་ངེས་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཤང་ཀང་དུ་བཅར་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གིས་ཡུན་རིང་བདེ་འཁོད་ཀྱི་འགོག་སྲུང་གྱང་བརྟན་པོ་བཙུགས་ནས། བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་ལེའུ་གསར་པ་གཏོད་དགོས་ཞེས་བསྟན་པ།

རྒྱལ་ཁབ་སྟོབས་ཆེའི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཞབས་ཞུ་སྒྲུབ་རིང་རང་ངོས་ཀྱི་གོང་འཕེལ་དེ་བས་ཆེ་བ་མངོན་འགྱུར་ཐུབ་ངེས་ཡིན་པ་རེད།