ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་བདེ་བླག་ངང་གྲོས་འཆམ་བྱུང་བར་རྟེན་འབྲེལ་ཞུས་པ།

2024-03-20 17:21:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྤྱི་ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་བྱ་དོན་གཞུང་ལས་ཁང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་བདེ་བླག་ངང་གྲོས་འཆམ་བྱུང་བར་རྟེན་འབྲེལ་ཞུས་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད། གསལ་བསྒྲགས་ནང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་བཙུགས་ཨུ་ཡོན་ལྷན་ཁང་གིས་མོས་མཐུན་ཡོད་པའི་འདེམས་ཤོག་ཡོངས་རྫོགས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་ལ་གྲོས་འཆམ་བྱུང་ཡོད་པ་དང་། བདེ་བླག་ངང་གཞི་རྩའི་བཅའ་ཁྲིམས་ཀྱི་ཁྲིམས་བཙུགས་དོན་ཚན་23པ་ལེགས་སྒྲུབ་བྱུང་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྩ་ཁྲིམས་ནང་གཏན་འཁེལ་བའི་འགན་འཁྲི་སྔར་བས་དོན་འཁྱོལ་ཐུབ་སྟེ། ཤང་ཀང་སྤུན་ཟླ་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་ཐུན་མོང་གི་བསམ་འདུན་མངོན་འགྱུར་བྱུང་ཡོད་ལ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ང་ཚོས་དོན་དེར་རྦད་དེ་རྒྱབ་སྐྱོར་དང་རྟེན་འབྲེལ་ཟབ་རྒྱས་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

རྒྱལ་ཁབ་བདེ་འཇགས་བྱུང་ན་ཤང་ཀང་གཞི་ནས་བདེ་འཇགས་ཡོང་བ་དང་། རྒྱལ་ཁབ་བདེ་འཇགས་བྱུང་ན་རང་ཁྱིམ་གཞི་ནས་བདེ་འཇགས་ཡོང་ཐུབ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སྲུང་སྐྱོང་བྱེད་པ་ཞིག་རེད་ལ། ཤང་ཀང་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། ཕྱི་ཕྱོགས་ནས་ཡོང་བའི་མ་འཇོག་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། ཤང་ཀང་གི་དམངས་གཙོའི་རང་དབང་ལ་སྲུང་སྐྱོང་བྱེད་པ། ཤང་ཀང་གི་གྲོང་མི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་ཞིག་རེད། ཤང་ཀང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་སྲོལ་ཡིག་གཏན་འབེབས་བྱས་ནས་ལག་བསྟར་བྱས་པ་དེའི་ཐོག་ནས་ཤང་ཀང་གོང་འཕེལ་གཏོང་བའི་བདེ་འཇགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཐུབ་པ་དང་། ཤང་ཀང་དེ་ཉིད་བཅོས་སྐྱོང་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་ཐུབ།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་བདེ་བླག་ངང་གྲོས་འཆམ་བྱུང་བར་རྟེན་འབྲེལ་ཞུས་པ།

ཤང་ཀང་དེ་ཉིད་བཅོས་སྐྱོང་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་ཐུབ།