ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་ཁྲིམས་བཙུགས་ཨུ་ཡོན་ལྷན་ཁང་གིས་མོས་མཐུན་ཡོད་པའི་འདེམས་ཤོག་ཡོངས་རྫོགས་ཀྱི་ཐོག་ནས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་ལ་གྲོས་འཆམ་བྱུང་བ།

2024-03-20 17:20:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཚེས་19ཉིན་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་ཐེངས་གསུམ་ཀློག་པ་བརྒྱུད་མོས་མཐུན་ཡོད་པའི་འདེམས་ཤོག་ཡོངས་རྫོགས་ཀྱི་ཐོག་ནས་གྲོས་འཆམ་བྱུང་ཡོད། དེའི་ཐོག་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་23པའི་ནང་གཏན་འབེབས་བྱས་པའི་བཅའ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་ལག་བསྟར་ཐུབ་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་འཕེལ་རིམ་གལ་ཆེན་ཐོན་པ་མཚོན་གྱི་ཡོད་པ་རེད།

ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་23པའི་ནང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རང་ཉིད་ཀྱི་ཁྲིམས་བཙུགས་ཏེ་རྒྱལ་ཁབ་ལ་ངོ་ལོག་པ་དང་། རྒྱལ་ཁབ་ཁ་བྲལ་དུ་གཏོང་བ། ངོ་ལོག་ཟིང་འཁྲུག་ལ་ངན་སྐུལ་བྱེད་པ། ཀྲུང་དབྱང་མི་དམངས་སྲིད་གཞུང་མགོ་རྟིང་སློག་པ་དང་དེ་བཞིན་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་པའི་བྱ་སྤྱོད་གང་རུང་ཞིག་གཏན་འགོག་བྱེད་པ་དང་། ཕྱི་རྒྱལ་གྱི་ཆབ་སྲིད་རང་བཞིན་གྱི་སྒྲིག་འཛུགས་སམ་ཚོགས་པས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཆབ་སྲིད་བྱེད་སྒོ་སྤེལ་རིགས་གཏན་འགོག་བྱེད་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆབ་སྲིད་རང་བཞིན་གྱི་སྒྲིག་འཛུགས་སམ་ཚོགས་པས་ཕྱི་རྒྱལ་གྱི་ཆབ་སྲིད་རང་བཞིན་གྱི་སྒྲིག་འཛུགས་སམ་ཚོགས་པ་དང་འབྲེལ་བ་འཛུགས་རིགས་གཏན་འགོག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།

རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་གིས་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་5.28ཀྱི་གཏན་འབེབས་དང་དེ་བཞིན་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་གཏན་འཁེལ་བའི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་དང་འོས་འགན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལམ་ལུགས་སྒྲིག་གཞིར་སུང་སྐྱོང་བྱེད་པའི་སྟོང་ཆ་དང་མི་འདང་བའི་ཆ་ཁ་གསབ་བྱས་ཡོད།

དེ་ནི་ཤང་ཀང་གཙོ་རྒྱུན་དམངས་འདོད་ཀྱི་གཅིག་བསྡུས་མཚོན་དོན་ཡིན་ལ། རྒྱལ་གཅེས་ཀང་གཅེས་ཀྱི་རྣམ་པ་གསར་པའི་མངོན་སྟངས་ཞིག་ཀྱང་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དེའི་གོང་མང་ཚོགས་ལ་བློ་འདྲི་བྱེད་པའི་སྐབས་སུ། ཁྱོན་བསམ་འཆར་13489འབྱོར་བ་དང་། དེའི་ནང་བརྒྱ་ཆ་98.6གིས་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་བསྟན་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཤང་ཀང་ཁྲིམས་བཙུགས་ཨུ་ཡོན་ལྷན་ཁང་གིས་མོས་མཐུན་ཡོད་པའི་འདེམས་ཤོག་ཡོངས་རྫོགས་ཀྱི་ཐོག་ནས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་ལ་གྲོས་འཆམ་བྱུང་བ།

དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དེའི་གོང་མང་ཚོགས་ལ་བློ་འདྲི་བྱེད་པའི་སྐབས་སུ། ཁྱོན་བསམ་འཆར་13489འབྱོར་བ་དང་། དེའི་ནང་བརྒྱ་ཆ་98.6གིས་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་བསྟན་ཡོད།