ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

“དཔྱིད་དུས་ཀྱི་ཀྲུང་གོ”ཞེས་པའི་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གྱི་གླེང་མོལ་ཚོགས་འདུའི་ཨ་རིའི་ཆེད་དོན་བྱེད་སྒོ་དེ་ཀྲེ་ཅ་ཀོ་རུ་གཉེར་བ།

2024-03-15 16:48:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་། ཨ་རིའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྲེ་ཅ་ཀོ་ཡན་ལག་ལྷན་ཚོགས་ཀྱིས་གཉེར་རོགས་བྱས་པའི“དཔྱིད་དུས་ཀྱི་ཀྲུང་གོ”ཞེས་པའི་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གླེང་མོལ་ཚོགས་འདུའི་ཨ་རིའི་ཆེད་དོན་བྱེད་སྒོ་དེ་ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་ཀྲི་ཅ་ཀོ་སློབ་ཆེན་དུ་གཉེར་ཡོད།
ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་དང་། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥེང་གིས་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་ཡོད། ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ཟུར་པ་པའོ་ཁ་སི་དང་། ཁན་ས་སི་མངའ་སྡེའི་དེ་སྔའི་འགོ་འཛིན་ཁོའར་ཡེ། ཀྲེ་ཅ་ཀེ་གྲོང་ཁྱེར་གྱི་དེ་སྔའི་གྲོང་སྤྱི་ལའེ་ཐེ་ཧྥུའུ་ཐེ་དང་། དེ་སྔའི་གྲོང་སྤྱི་གཞོན་པ་མེ་ཡེ་ཁ། དབྱི་ལི་ནུའོ་དབྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་སྤྱི་ཨའེ་ཁྲང་པ་ཏི་སོགས་ཨ་རིའི་སྲིད་དོན་ལས་རིགས་དང་། ཚོང་དོན་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱི་སྐུ་མགྲོན་བརྒྱ་ཙམ་བྱེད་སྒོར་ཞུགས་ནས། “ཀྲུང་གོར་མ་འཇོག་བྱས་ནས་འཕེལ་རྒྱས་མཉམ་སྤྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་གཏིང་ཟབ་གནང་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ལ་གོ་སྐབས་སྤྲད་པ་དང་། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་མཉམ་ལས། སློབ་གསོ་སྤེལ་རེས། ཀྲུང་གོའི་ཁྲོམ་རའི་གོ་སྐབས། ཐོན་ལས་ཀྱི་མདུན་ལམ་སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་ཚ་ཚ་འུར་འུར་གནང་ཞིང་། ཚང་མས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་མཐོའི་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་མགྲིན་གཅིག་ཏུ་བསྔགས་བརྗོད་གནང་བ་མ་ཟད། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ཐད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ལ་རྒྱང་གཟིགས་གནང་ཡོད།
ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་བར“དཔྱིད་དུས་ཀྱི་ཀྲུང་གོ”ཞེས་པའི་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གླེང་མོལ་ཚོགས་འདུའི་ཨ་རིའི་ཆེད་དོན་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་དེ་ཨ་རི་དང་། དབྱིན་ཇི། འཇར་མན། དབྱི་ཐ་ལི། སི་ཕེན། ལྗར་པན། ལྷོ་ཁོ་རེ་ཡ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། རྒྱ་གར། སིང་ཀ་ཕོར་སོགས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་70ཡི་གཙོ་རྒྱུན་སྨྱན་སྦྱོར་ཚན་པ་1586གིས་རྒྱ་ཁྱབ་ངང་བརྒྱུད་སྐུར་བྱས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

“དཔྱིད་དུས་ཀྱི་ཀྲུང་གོ”ཞེས་པའི་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གྱི་གླེང་མོལ་ཚོགས་འདུའི་ཨ་རིའི་ཆེད་དོན་བྱེད་སྒོ་དེ་ཀྲེ་ཅ་ཀོ་རུ་གཉེར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་།