ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

AIསྤྱད་ནས་བྲིས་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་འདུག

2023-10-24 15:59:00     责编:娜科

ཆིང་ཧྭ་སློབ་ཆེན་གསར་འགྱུར་དང་བརྒྱུད་བསྒྲགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲེན་དབྱང་གིས་AIལས་སྟེགས་སྤྱད་དེ་གསར་རྩོམ་བྱས་པའི་ཚན་རིག་རྟོག་བཟོའི་བརྩམས་ཆོས་《འཕྲུལ་འཁོར་གྱི་དྲན་འཛིན་》(དཔྱད་འདེམས་ནང་ཞུགས་སྐབས་མིང་ “@硅禅” ཞེས་བཀོད་པ་རེད།)ཞེས་པར་སྐབས་ལྔ་པའི་ཅང་སུའུ་ཞིང་ཆེན་ན་གཞོན་པའི་ཚན་རིག་ཁྱབ་གདལ་དང་ཚན་རིག་རྟོག་བཟོའི་བརྩམས་ཆོས་འགྲན་བསྡུར་ཆེན་པོའི་དཔྱད་འདེམས་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་རེད།

སྤྱི་ཟླ་10ཚེས་18ཉིན་གྱི་ཉིན་གུང་། གསར་འགོད་པས་ཅང་སུའུ་ཞིང་ཆེན་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་ཚན་རིག་རྟོག་བཟོའི་ཆེད་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྥུའུ་ཁྲང་དབྱི་དང་འབྲེལ་བ་བྱེད་སྐབས། ཁོང་གིས་སྔོན་ཆད་AIསྤྱད་དེ་གསར་རྩོམ་བྱས་པའི་ཚན་རིག་རྟོག་བཟོའི་བརྩམས་ཆོས་འགྲན་བསྡུར་ནང་ཞུགས་མྱོང་མེད། ད་ཐེངས་ནི་ཐེངས་དང་པོ་ཡིན་ཞེས་བརྗོད་འདུག  ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ནི་ཅང་སུའུ་ཞིང་ཆེན་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་དང་ཅང་སུའུ་ཞིང་ཆེན་ཚན་རིག་བརྒྱུད་སྤེལ་ལྟེ་གནས་ཀྱིས་གཙོ་གཉེར་དང་། ཅང་སུའུ་ཞིང་ཆེན་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་དང་ཚན་རིག་རྟོག་བཟོའི་ཆེད་དོན་ཨུ་ལྷན་གྱིས་གཉེར་འགན་འཁུར་ནས་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བརྩམས་ཆོས་བསྡུ་རུབ་བྱས་པ་ཞིག་རེད།

AIནི་དབྱིན་ཡིག་གི་ Artificial  Intelligence ཡི་སྐུང་ཡིག་ཡིན་ཞིང་། རྒྱ་ཡིག་ནང་མིས་བཟོས་རིག་སྟོབས་ཀྱི་དོན་ཏེ་ “人工智能” ཞེས་ཟེར། གསར་འགོད་པས་ད་ཐེངས་ཀྱི་འགྲན་བསྡུར་བརྡ་ཐོར་བལྟས་ཚེ། ཚན་རིག་ཁྱབ་གདལ་གྱི་པར་རིས་དང་ཚན་རིག་རྟོག་བཟོའི་བརྩམས་ཆོས་རིགས་གཉིས་སུ་དབྱེ་བ་དང་AIཡི་བརྩམས་ཆོས་དཔྱད་འདེམས་ནང་ཞུགས་མི་ཆོག་པའི་གསལ་འདེབས་བྱས་མེད། འོན་ཀྱང་འགྲན་བསྡུར་ནང་ཞུགས་མཁན་ནི་“ཚན་རིག་ཁྱབ་གདལ་དང་ཚན་རིག་རྟོག་བཟོའི་གསར་རྩོམ་ལ་སྤྲོ་བ་ལྡན་པའི་ལོ་14ནས་45བར་གྱི་གཞོན་ནུ་ཡིན་དགོས་”ཞེས་བཀོད་པ་དང་། ཚན་རིག་རྟོག་བཟོའི་བརྩམས་ཆོས་ཡིག་འབྲུ་5000ལས་ཉུང་མི་རུང་ཞེས་བཀོད་ཡོད། ཧྥུའུ་ཁྲང་དབྱི་ལགས་ཀྱིས་ཁོང་གིས་ཧྲེན་དབྱང་གིས་AIསྤྱད་ནས་ཚན་རིག་རྟོག་བཟོའི་བརྩམས་སྒྲུང་གསར་རྩོམ་བྱ་རྒྱུའི་ཚོད་ལྟ་བྱེད་བཞིན་པ་ཤེས་པས། ཁོ་ལ་འགྲན་བསྡུར་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་ཡིན་ཞེས་བརྗོད་པ་རེད། 

ཧྲེན་དབྱང་གིས་AIགསར་རྩོམ་སྐོར་གླེང་སྐབས་“གལ་ཏེ་ཚན་རྟོག་བརྩམས་སྒྲུང་ཐུང་གྲས་ཤིག་འབྲི་དགོས་ན། རིམ་འདས་འཇིག་རྟེན་དང་། མི་གཟུགས་འཕྲུལ་མི་སོགས་སྐོར་ཐོན་སྲིད་པས། AIཡིས་ཁྱེད་རང་ལ་ད་ཡོད་ཀྱི་སྐད་རྒྱུའི་ཡིག་མཛོད་ནང་ཐོན་མྱོང་མེད་པའི་གསར་གཏོད་རང་བཞིན་ཆེན་པོ་ལྡན་པ་དང་མི་རྣམས་ཀྱིས་ཚིག་གསུམ་ཀློག་པ་ཙམ་གྱིས་ཧང་སངས་པར་བྱེད་པའི་སྒྲིག་གཞི་འདོན་ངེས་”ཞེས་བཤད།

ཧྲེན་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གིས་AIལས་སྟེགས་སྤྱད་ནས་《འཕྲུལ་འཁོར་གྱི་དྲན་འཛིན་》ཞེས་པ་ཆུ་ཚོད་3ཙམ་ནང་གསར་རྩོམ་བྱས་པ་རེད། དེའི་རིང་ཁོ་དང་AIལས་སྟེགས་དབར་སྔ་རྗེས་སུ་གླེང་མོལ་ཐེངས་66བྱས་ནས་ཡིག་འབྲུ་ཁྲི་4ལྷག་ཙམ་གྱི་རྩོམ་ཡིག་གྲུབ་པ་དང་། མཐར་དེ་དག་ཡིག་འབྲུ་5900ལྷག་ཙམ་གྱི་བརྩམས་སྒྲུང་དུ་བཅོས་པ་རེད། 《འཕྲུལ་འཁོར་གྱི་དྲན་འཛིན་》ཞེས་པའི་ནང་གི་མི་སྣ་གཙོ་བོ་ལི་ཞའོ་ནི་རིམ་འདས་འཇིག་རྟེན་གྱི་མྱུལ་དཔྱད་པ་ཞིག་ཡིན། སྔོན་ཆད་ཁོ་མོ་ནི་དངོས་ཡོད་འཇིག་རྟེན་གྱི་དབང་རྩའི་བཟོ་བཀོད་པ་ཞིག་ཡིན་མོད། འོན་ཀྱང་ཚོད་ལྟ་ཞིག་གི་ཁྲོད་ནས་རང་གི་ནང་མི་དང་འབྲེལ་ཡོད་ཀྱི་དྲན་པ་ཡོངས་སུ་ཉམ་པས། ཁོ་མོ་“འཕྲུལ་ཆས་ཀྱི་དྲན་འཛིན་”ཞེས་པའི་ངག་རྒྱུན་ལ་སྤྲོ་བ་ཆེན་པོ་འཕེལ་ནས་རང་ཉིད་ཀྱིས་བོར་ཟིན་པའི་དྲན་ཤེས་འཚོལ་ཐབས་བྱས་པ་རེད།

ད་ཐེངས་AIསྤྱད་ནས་བྲིས་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་པའི་སྐོར་གླེང་སྐབས། རིགས་གཅིག་མཁས་ཅན་གྱིས་དེ་ནི་ཆུ་ལ་གཉེར་རིས་ལངས་པ་བཞིན་མི་རིང་བར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་གར་སོང་ཆ་མེད་དུ་འགྱུར་ངེས་ལ། གཅིག་བྱས་ན་གངས་ཉིལ་བཞིན་ཐོན་ཏེ་AIཡིས་“རྩོམ་པ་པོ་ཚོའི་འཚོ་གནས་ལ་འགྲན་སློང་ཆེན་པོ་ཡང་ཡོང་སྲིད་ཅེས་བརྗོད་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶ཕ་དབྱིའི་གདོང་ཐུག་ནང་མི6000ལྷག་འཆི་རྨས་བྱུང་ཞིང་པའེ་ཏེང་གིས་་

ང་རང་གིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དབྱི་སི་རལ་གྱི་སྲིད་གཞུང་དང་མི་དམངས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན།

中央广播电视总台 央广网 版权所有

AIསྤྱད་ནས་བྲིས་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་འདུག

ད་ཐེངས་AIསྤྱད་ནས་བྲིས་པའི་བརྩམས་ཆོས་ལ་བྱ་དགའ་ཐོབ་པའི་སྐོར་གླེང་སྐབས། རིགས་གཅིག་མཁས་ཅན་གྱིས་དེ་ནི་ཆུ་ལ་གཉེར་རིས་ལངས་པ་བཞིན་མི་རིང་བར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་གར་སོང་ཆ་མེད་དུ་འགྱུར་ངེས་ལ། གཅིག་བྱས་ན་གངས་ཉིལ་བཞིན་ཐོན་ཏེ་AIཡིས་“རྩོམ་པ་པོ་ཚོའི་འཚོ་གནས་ལ་འགྲན་སློང་ཆེན་པོ་ཡང་ཡོང་སྲིད་ཅེས་བརྗོད་འདུག