ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ཕྱུག་བདག་བཞིས་AIསྤྱད་པས་སྒོར་དུང་ཕྱུར་10000རག་འདུག

2023-07-01 20:44:00     责编:娜科

     AIཡི་རླབས་ཕྲེང་ཁྲོད་རྒྱུ་ནོར་གྱི་གསོལ་སྟོན་ཆེན་པོ་ཞིག་བཤམས་ཡོད།

     ཕེང་པོ་ཡི་བསྡོམས་རྩིས་གྲངས་གཞི་ལུང་དུ་དྲངས་བར་གཞིགས་ན། མིག་སྔར་ཕེང་པོའི་ཕྱུག་བདག་བང་རིམ་བཅུའི་མང་ཆེ་བ་ནི་ཚན་རྩལ་ཁྱབ་ཁོངས་ནས་ཡིན་ཞིང་། AIཡིས་སྣེ་ཁྲིད་པའི་ཨ་རིའི་མ་རྐང་ཁྲོམ་ར་སྟོབས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། ཁོ་ཚོའི་སྤྱིའི་རྒྱུ་ནོར་2023ལོའི་ནང་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་4000ལྷག་འཕར་སྣོན་བྱུང་ཡོད། (མི་དམངས་ཤོག་སྒོར་དུང་ཕྱུར་28600ཙམ།)


 

     ཐོག་མའི་བསྡམས་རྩིས་གྲངས་གཞི་ལས་མངོན་པར། ཀྲ་ཁེ་པོ་ཀེ་དང་ Larry Ellison པི་ཨེར་ཀེ་ཚི། ཧོང་རེན་ཞུན་བཅས་ཕྱུག་བདག་4ཡིས་AIཡི་ཚ་རླབས་ལ་བརྟེན་པས་མི་སྒེར་གྱི་རྒྱུ་ནོར་རིམ་རྩིས་བྱས་ནས་ཨ་སྒོར་དུང་ཕྱུར་1500འཕར་སྣོན་བྱུང་ཡོད། (མི་དམངས་ཤོག་སྒོར་དུང་ཕྱུར་10000ལྷག)

     ཞིབ་ཕྲའི་ཆ་ནས་བལྟས་ན། AIབྲིན་ཁ་རྒྱུག་པའི་སྟེང་ལས་ཕྱོད་ལོ་འཁོར་ཞེས་པའི་མ་གནས་ཉུང་འཕྲི་བྱས་པས། ཀྲ་ཁེ་པོ་ཀེས་བདག་པོ་རྒྱག་པའི་Metaཡི་རྐང་དངུལ་རིན་གོང་ལོ་འདིའི་ནང་རིམ་རྩིས་བྱས་ན་136%ལྷག་འཕར་བ་དང་། ཀུང་སིའི་སྤྱིའི་ཁྲོམ་རའི་རིན་གོང་ཨ་སྒོར་དུང་ཕྱུར་7195འཕར་ཡོད། ཕེང་པོའི་དུང་ཕྱུར་ཁྲི་ཡི་ཕྱུག་བདག་ཆེན་པོའི་སྟོན་གྲངས་ལ་གཞིགས་ན། དེས་ཀྲ་ཁེ་པོ་ཀེའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་570འཕར་སྣོན་བྱུང་ཡོད།

     དེ་མིན་ཀུང་སིའི་རྐང་དངུལ་འཛིན་ལོར་ལོ་འདིའི་ནང་50%ལྷག་འཕར་སྣོན་བྱུང་བས། རུས་བརྐོས་ཡི་གེའི་གསར་གཏོད་པ་Larry Ellisonཡི་རྒྱུ་ནོར་གཟའ་འཁོར་འདིའི་ཐོག་མའི་དུས་སུ་ཐོག་མར་པི་ཨེར་ཀེ་ཚི་ལས་བརྒལ་ཞིང་། ཁོང་མི་སྒེར་གྱི་རྒྱུ་ནོར་2023ལོར་ཨ་སྒོར་དུང་ཕྱུར་470འཕར་སྣོན་བྱུང་ཡོད།

     AIཤིན་ཏུ་བྲིན་ཁ་རྒྱུག་པའི་རྐྱེན་གྱིས། ཝེ་རོན་ནི་ཧྭ་ཨར་ཁྲོམ་གཞུང་གི་མ་རྩའི་མིག་ལམ་གྱི་ཞིམ་ཟས་སུ་གྱུར་བ་དང་། ཝེ་རོན་ཡི་རྐང་དངུལ་རིན་གོང་ཡང་རྒྱུན་མཐུད་འཕར་སྣོན་བྱུང་སྟེ། ཀེ་ཚིའི་རྒྱུ་ནོར་ལོ་འདིའི་ནང་ཨ་སྒོར་དུང་ཕྱུར་240འཕར་སྣོན་བྱུང་ཡོད།

     AIཉིང་ལྷེབ་སྡེའི་རུ་འདྲེན་པ་དབྱིན་ཝེ་ཏའི་རྐང་དངུལ་རིན་གོང་འཕར་ཚད་ཧ་ལས་དགོས་པ་ཞིག་ཡིན། ལོ་འདིའི་ནང་འཕར་ཚད་200%ལ་ཉེ་བ་དང་། ཀུང་སིའི་སྤྱིའི་ཁྲོམ་རའི་རིན་གོང་ཨ་སྒོར་དུང་ཕྱུར་ཁྲི་1ལ་སླེབས་ཡོད། ཀུང་སིའི་གསར་གཏོད་པ་ཧོང་རེན་ཞུན་གྱི་སྒེར་གྱི་རྒྱུ་ནོར་ཡང་ཨ་སྒོར་དུང་ཕྱུར་240དྲག་འཕར་བྱུང་ཡོད།

 

 

      AIནི་མི་ཐབས་རིག་ནུས་(Artificial Intelligence)ཏེ། དེ་ནི་མི་ཐབས་རིག་ནུས་ལ་ལད་ཟློས་དང་སྣུར་སྲིང་། རྒྱ་བསྐྱེད་བཅས་བྱེད་པའི་ཐད་སྤྱོད་པའི་གཞུང་ལུགས་དང་ཐབས་ལམ། ལག་རྩལ་བཅས་དང་ཉེར་སྤྱོད་མ་ལག་ཞིབ་འཇུག་དང་གསར་སྤེལ་བྱེད་པའི་ལག་རྩལ་ཚན་རིག་གསར་པ་ཞིག་ཡིན། མི་ཐབས་རིག་ནུས་ནི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་རབས་གསར་པའི་སྒུལ་བྱེད་སྟོབས་ཤུགས་གལ་ཆེན་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། ཀླུ་འབུམ། 

འཛམ་གླིང་སྐར་ཁུངས།

▶ཡུག་རེན་གྱིས་ནུབ་ཕྱོཊ་རྒྱལ་ཁབ་དང་གོ་མཚོན་ཐོན་སྐྱེད་རྒྱ་ཆེར་་་

པོ་ཡེ་ཕུའུ་ཡིས། ད་ཆ་ཡུག་རེན་ལ་མི་མེད་གནམ་གྲུ་ཐོན་སྐྱེད་བྱེད་མཁན་གྱི་ཀུང་སི100ཙམ་ཡོད་པ་དང་། མིག་སྔར་ཡུག་རེན་གྱི་མི་མེད་གནམ་གྲུ་ཐོན་སྐྱེད་བྱེད་ཚད་རྒྱ་ཆེར་གཏོང་བཞིན་ཡོད་དེ། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་རྒྱུན་མཐུད་པ་དང་བསྟུན། ཡུག་རེན་ལ་སླད་ཕྱིན་མི་མེད་གནམ་གྲུ་དེ་བས་མང་བ་དགོས་ཀྱི་འདུག་ཅེས་བཤད་ཡོད་པ་རེད།

中央广播电视总台 央广网 版权所有

ཕྱུག་བདག་བཞིས་AIསྤྱད་པས་སྒོར་དུང་ཕྱུར་10000རག་འདུག

AIནི་མི་ཐབས་རིག་ནུས་(Artificial Intelligence)ཏེ། དེ་ནི་མི་ཐབས་རིག་ནུས་ལ་ལད་ཟློས་དང་སྣུར་སྲིང་། རྒྱ་བསྐྱེད་བཅས་བྱེད་པའི་ཐད་སྤྱོད་པའི་གཞུང་ལུགས་དང་ཐབས་ལམ།