ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

ཁོང་ཁྲོ་ལངས་ན་དུག་ཕོག་ཉེན་འདུག

2022-11-09 09:15:00     责编:娜科

      ཁོང་ཁྲོ་ལངས་ན་དུག་ཕོག་སྲིད་ཟེར་བ་བདེན་ནམ། ཕལ་མོ་ཆེ་སྐད་ཆ་འདི་ལ་ཡིད་མི་ཆེས་མོད། འོན་ཀྱང་འདི་བདེན་པ་རེད་འདུག མི་ཞིག་ཁོང་ཁྲོ་བྱེད་དྲགས་པའམ་ཡིད་ཕམ་དྲགས་པའི་སྐབས་སུ། དབུགས་ཐལ་འདུས་ནད་བྱུང་ནས་འབྱིན་རྔུབ་རང་བཞིན་གྱི་བུལ་དུག་ཕོག་པ་རེད། དེ་རིང་། རྒྱུ་མཚན་གསལ་བཤད་བྱ་རྒྱུ་སྟེ།

      རྒྱུན་ལྡན་གྱི་གནས་ཚུལ་འོག་མི་ལུས་ཀྱི་སྐྱུར་བུལ་དོ་མཉམ་ཡིན། སེམས་སྡུག་དྲགས་པའམ་དགའ་དྲགས་པའི་སྐབས་སུ་དབུགས་རྔུབ་གྲངས་མང་དུ་འགྲོ་བས། ལུས་ཀྱི་དབྱང་གཉིས་ཐཱན་རྫས་ཤོར་དྲགས་ཤིང་ཁྲག་གི་PHཇེ་མཐོར་སོང་ནས་བུལ་དུག་ཕོག་པ་ཡིན་པས། རྐང་ལག་སྦྲིད་པ་དང་ཐ་ན་འཁུམ་འདར་བྱེད་པ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། འདི་ནི་སེམས་ཁམས་ཀྱིས་དབུགས་འབྱིན་རྔུབ་ལ་ཤུགས་རྐྱེན་ཐེབས་ནས་བྱུང་བ་ཞིག་ཡིན་ལ། སྨྱོན་པ་རང་བཞིན་གྱི་འཁུམ་འདར་ཡང་ཟེར།

      ཁོང་ཁྲོ་ལངས་པ་ཙམ་གྱིས་ནད་རྟགས་འདི་ཐོན་པ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ།

      འབྱིན་རྔུབ་རང་བཞིན་གྱི་དུག་ཕོག་པ་ལ་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད། གཅིག་ནི་རྨང་གཞིའི་རང་བཞིན་གྱི་འགྱུར་ནད་ལས་སྐྱེད་པ་སྟེ། ནད་པར་གློ་ཡུའི་དབུགས་འཚང་ནད་དང་གློ་བའི་སྐྲངས་ནད་སོགས་འབྲེལ་ཡོད་ཀྱི་ནད་ཡོད་ན། དབུགས་ཀྱི་རྒྱུ་བ་དྲག་ཏུ་ཕྱིན་ནས་དབྱུང་གཉིས་ཐཱན་རྫས་ཤོར་ཐལ་ཆེ་བའི་གནས་ཚུལ་འབྱུང་ཉེན་ཡོད། གཉིས་ནི་སེམས་ཁམས་ལས་སྐྱེད་པ་སྟེ། སེམས་འཚབ་དྲགས་པ་དང་ཡི་མུག་པ་སོགས་ཀྱི་དབང་གིས་དབུགས་འཚང་ནས་ལུས་ཀྱི་དབྱང་གཉིས་ཐཱན་རྫས་ཤོར་དྲགས་ན་ནད་རྟགས་འབྱུང་ཉེན་ཡོད།

      དབུགས་ནད་རང་བཞིན་གྱི་བུལ་སྐྱུར་དུག་ཕོག་ན་ཇི་ལྟར་བྱེད་དགོས་སམ་ཞེ་ན།

      ཐོག་མར། དངངས་སྐྲག་མི་སྐྱེ་བར་ནད་པར་དབུགས་འབྱིན་རྔུབ་བྱེད་པའི་ཁོར་ཡུག་འོས་འཚམ་འཇོག་པ་དང་སེམས་གསོ་བཏང་ནས་དབུགས་ལྷོད་པོ་ཡོང་ཐབས་བྱེད་དགོས། ནད་རྟགས་ཚབས་ཆེ་ན། ནད་པའི་ཁ་ལ་ཁ་རས་སོགས་བཀབ་ཅིང་ཕྱིར་བཏོན་པའི་དབྱང་གཉིས་ཐཱན་རྫས་སླར་ལུས་ནང་འཇུག་ཐབས་བྱས་ནས་ནད་རྟགས་ཇེ་ཡང་དུ་གཏོང་ཐབས་བྱེད་དགོས། གལ་ཏེ་གནས་ཚུལ་ཛ་དྲག་ཡིན་ཚེ་དུས་ཐོག་ཏུ་120ལ་ཁ་པར་བརྒྱབ་ནས་ནད་པར་ཆེད་ལས་ཀྱི་སྨན་བཅོས་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་སྨན་པས་བརྟན་བརླིང་ངང་སྨན་སྟེར་བའམ་སྡོད་རྩར་རྒུན་འབྲུམ་མངར་སྐྱུར་ཀལ་གྱི་ཁབ་རྒྱག་དགོས།

      ཉིན་རྒྱུན་གྱི་འཚོ་བའི་ཁྲོད་སེམས་པ་མི་སྐྱིད་པའི་གནས་ཚུལ་ཐོན་ངེས་ཀྱང་། རང་ཉིད་ཀྱི་བདེ་ཐང་ཆེད་ཚང་མས་སེམས་ཁམས་སྟངས་འཛིན་ཡག་པོ་བྱེད་དགོས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།  

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཁོང་ཁྲོ་ལངས་ན་དུག་ཕོག་ཉེན་འདུག

ཐོག་མར། དངངས་སྐྲག་མི་སྐྱེ་བར་ནད་པར་དབུགས་འབྱིན་རྔུབ་བྱེད་པའི་ཁོར་ཡུག་འོས་འཚམ་འཇོག་པ་དང་སེམས་གསོ་བཏང་ནས་དབུགས་ལྷོད་པོ་ཡོང་ཐབས་བྱེད་དགོས། ནད་རྟགས་ཚབས་ཆེ་ན།