ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

2022-11-14 10:35:00     责编:娜科

ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་བྱ་རྒྱུ་རེད་ཅེས་བསྟན་པ། 

 

      ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་12ཉིན། ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་རྒྱལ་སྤྱིའི་ལས་དོན་ཨུ་ལྷན་གྱི་ཁོངས་མི་ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་བར་གྱི་ཞི་བའི་གྲོས་མོལ་ངེས་པར་དུ་བྱེད་སྲིད་མོད། འོན་ཀྱང་ནམ་ཞིག་བྱེད་མིན་དེ་ཨ་རི་དང་ཡོ་རོབ་མནའ་འབྲེལ་སོགས་ཡུག་རེན་གྱི་ནུབ་ཕྱོགས་རོགས་ཟླ་ལ་ཐུག་ཡོད་ཅེས་བརྗོད།

     ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

 དེ་དང་ཆབས་ཅིག་ཁོང་གིས་མིག་སྔར་ཡུག་རེན་གྱིས་འཛིན་པའི་ལངས་ཕྱོགས་དེའི་དབང་གིས་ཕྱོགས་གཉིས་པོས་གྲོས་མོལ་ལ་གྲུབ་འབྲས་ཐོབ་པའི་ངེས་པ་ཆེན་པོ་དེ་ཙམ་མེད་ཅེས་བརྗོད།

 

ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་མིག་སྔར་ཡུག་རེན་དང་ཞི་བའི་གྲོས་མོལ་བྱེད་མི་སྲིད་ཅེས་བཤད་པ།

 

     སྤྱི་ཚེས་11ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས། ཡུག་རེན་གྱི་དམིགས་བསལ་དམག་དོན་བྱ་སྤྱོད་དེའི་དམིགས་ཡུལ་མངོན་འགྱུར་བྱུང་རྗེས་མཚམས་འཇོག་བྱེད་ཆོག་ལ་ཞི་བའི་གྲོས་མོལ་བརྒྱུད་དམིགས་ཡུལ་མངོན་འགྱུར་བྱུང་རྗེས་མཇུག་སྒྲིལ་ཡང་ཆོག་མོད། འོན་ཀྱང་ཡུག་རེན་ཕྱོགས་ཀྱིས་འཛིན་པའི་ལངས་ཕྱོགས་དེའི་དབང་གིས་ཞི་བའི་གྲོས་མོལ་དེ་མིག་སྔར་བྱེད་མི་ཐུབ་ཅེས་བཤད་ཡོད།

     ཨུ་རུ་སུའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན། ཡུག་རེན་གྱི་ཙུང་ཐུང་གཞུང་ལས་ཁང་གི་ཀྲུའུ་རེན་བློ་འདྲི་བ་པོ་ཏུའོ་ལི་ཡ་ཁེས། ཡུག་རེན་གྱི་ཙུང་ཐུང་གཞུང་ལས་ཁང་གིས་ཨུ་རུ་སུ་དང་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལ་གྲོས་བསྡུར་བྱེད་འགོ་བཙུགས་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

▶འཛམ་གླིང་ཐོག་བུད་མེད་གཟུཊ་རིང་ཤོས་དེ་གནམ་གྲུར་སྡོད་སྐབས་་་

སྐབས་དེ་དུས་ཁོང་མོ་གཟུགས་པོའི་རིང་ཚད་ལ་སྨི་2.14ཡི་ཐོག་ནས་འཛམ་གླིང་ཐོག་བུ་མོ་རིང་ཤོས་སུ་ངོས་འཛིན་བྱས། གཞན་ཡང་ཁོང་མོའི་ལག་པ་ཡང་འཛམ་གླིང་སྟེང་གི་བུ་མོའི་ལག་པ་ཆེ་ཤོས་དང་།

中央广播电视总台 央广网 版权所有

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།