ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཝང་དབྱི་དང་ཨ་རིའི་རྒྱལ་དོན་བློན་ཆེན་ཐུག་འཕྲད་བྱས་པ།

2023-07-18 16:16:00     责编:娜科

 

    ཝང་དབྱི་ཡིས། ཟླ་གོང་མར་རྒྱལ་དོན་བློན་ཆེན་ཀྲུང་གོར་འཚམས་འདྲི་གནང་སྐབས། ཀྲུང་ཞི་ཞི་ཅི་ཕིང་གིས་ཀྲུང་ཨའི་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་འཐབ་ཇུས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ལྡན་པའི་དགོངས་འཆར་གལ་ཆེན་བཏོན་གནང་བས། ཕྱོགས་གཉིས་པོས་ཟོལ་མེད་འབྲེལ་གཏུག་གཏིང་ཟབ་བྱས་པ་བརྒྱུད། ཐུན་མོང་གི་ངོས་འཛིན་ཁག་གཅིག་གྲུབ་པ་དེའི་ནང་གི་གལ་ཆེ་ཤོས་ཤིག་ནི་པ་ལི་གླིང་ཕྲན་གྱི་གྲོས་རིམ་དུ་བསྐྱར་ལོག་བྱས་ནས། ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེའི་ཕྱོགས་སུ་གོམ་པ་གལ་ཆེན་ཞིག་སྤོས་པ་འདི་རེད། གོམ་སྟབས་རྗེས་མའི་འགག་རྩ་ནི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བགྲོད་ལམ་ཡང་དག་ཐོག་བསྐྱར་ལོག་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དེ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་དཀའ་ངལ་ཚབས་ཆེན་གྱི་གནས་སུ་གྱར་བར་བསམ་གཞིག་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་པ་ལི་གླིང་ཕྲན་གྱི་ཐུག་འཕྲད་དེ་དངོས་འབྲེལ་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས་པ་མ་ཟད། ཙུང་ཐུང་པེ་ཏེན་གྱིས་ཁས་ལེན་རབ་དང་རིམ་པ་ཐེངས་མང་གནང་རིགས་དེ་བས་ཀྱང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་བརྗོད། 

   ཝང་དབྱི་ཡིས། ཕྱོགས་གཉིས་པོས་དོན་དག་ཞིབ་ཕྲ་སྒྲུབ་རྒྱུ་ནས་འགོ་བཙུགས་ཏེ“རྒྱུན་འབྱམས་ཀྱི་ཉམས་ཉེན་”བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། “སྣང་མེད་ཀྱི་ཉམས་ཉེན་”ཐག་གཅོད་འཚམ་པོར་བྱས་ཏེ། “འགོག་རྐྱེན་”རྦད་དེ་སེལ་ནས། ཀྲུང་ཨའི་འབྲེལ་བ་བརྟན་པོ་ཡོང་ཆེད་ཆ་རྐྱེན་བསྐྲུན་པ་དང་འགོག་རྐྱེན་སེལ་དགོས། ཨ་རི་ཕྱོགས་ཀྱིས་སྟངས་འཛིན་དང་དངོས་གཉེར་གྱི་རྣམ་འགྱུར་ཐོག་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཕྱི་འབྲེལ་བདེ་འཇགས་ཀྱི་འབྲེལ་གཏུག་ཐབས་ལམ་རྒྱ་ཆེར་གཏོང་བ། འབྲེལ་གཏུག་གི་ཕན་འབྲས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཤར་གཏོང་ཐུབ་པ་བཅས་བྱེད་དགོས་ལུགས་བསྟན།

    ཝང་དབྱི་ཡིས། ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དྲང་ནན་གྱི་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། ཨ་རི་ཕྱོགས་ལ་ཀྲུང་གོའི་ནང་སྲིད་ལ་རང་སྣང་གང་ཤར་གྱིས་ཐེ་ཇུས་བྱས་མི་ཆོག་པ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་བཏང་མི་ཆོག་པ། ཀྲུང་གོར་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་གྱི་གནོན་ཤུགས་སྤྲོད་མཚམས་འཇོག་པ། ཁྲིམས་འགལ་དང་ཁུངས་ལུང་མེད་པའི་སྒོ་ནས་ཀྲུང་གོ་བཀག་སྡོམ་བྱེད་མི་རུང་བ་བཅས་ཀྱི་བླང་བྱ་བཏོན་པ་དང་། ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་ཨ་གཉིས་ཀྱིས། ས་ཁུལ་དང་རྒྱལ་ཁབ་ཀྱི་འབད་བརྩོན་ལ་བརྩི་འཇོག་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་བྱས་ནས། རྩོད་གཞི་དང་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་ས་ཁོངས་མཉམ་ལས་ནང་མི་འདྲེན་པའི་བླང་བྱ་བཏོན་པ་རེད།

   ཕྱོགས་གཉིས་པོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་མཚོ་ཐོག་ལས་དོན་གྲོས་མོལ་སོགས་ཀྱི་ཐད་ལའང་གྲོས་བསྡུར་ཧུར་ཐག་བྱས་པ་རེད། ད་ཐེངས་ཀྱི་ཐུག་འཕྲད་ནི་བློ་དཀར་སེམས་དཀར་དང་། དངོས་གཉེར། དགེ་མཚན་ལྡན་པ་བཅས་ཀྱི་ངོས་འཛིན་བྱུང་ནས་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིའི་མཁོ་འདོན་བྱས་པའི་མཚོན་ཆ་འདི་རག་ཡོད་བཤད།

ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ཨ་རིའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཨ་རིས་མཁོ་འདོན་བྱས་པའི་ཕོན་ཆག་རྫས་མདེལ་ད་ལྟ་ཡུག་རེན་དུ་འབྱོར་ཡོད་ཀྱང་ཡུག་ཕྱོགས་ཀྱིས་ད་དུང་སྤྱད་མེད་ཅེས་བཤད་ཡོད།

中央广播电视总台 央广网 版权所有

ཝང་དབྱི་དང་ཨ་རིའི་རྒྱལ་དོན་བློན་ཆེན་ཐུག་འཕྲད་བྱས་པ།

ཕྱོགས་གཉིས་པོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་མཚོ་ཐོག་ལས་དོན་གྲོས་མོལ་སོགས་ཀྱི་ཐད་ལའང་གྲོས་བསྡུར་ཧུར་ཐག་བྱས་པ་རེད། ད་ཐེངས་ཀྱི་ཐུག་འཕྲད་ནི་བློ་དཀར་སེམས་དཀར་དང་། དངོས་གཉེར། དགེ་མཚན་ལྡན་པ་བཅས་ཀྱི་ངོས་འཛིན་བྱུང་ནས་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།