ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་མཁོ་འདོན་བྱས་པའི་མཚོན་ཆ་འདི་རག་ཡོད་བཤད།

2023-07-18 16:17:00     责编:娜科

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་13ཉིན་ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི“ཐ་ཕུའུ་ལི་ཡ”དམག་འཐབ་དང་འཐབ་ཇུས་ཚོགས་པའི་བཀོད་འདོམས་པ་ཡ་ལི་ཧྲན་ཏ•ཐ་ནཱ་ཕུའུ་སི་ཅིས་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)བཅར་འདྲི་དང་ལེན་བྱེད་སྐབས། ཡུག་རེན་ལ་ཨ་རིས་མཁོ་འདོན་བྱས་པའི་ཕོན་ཆག་རྫས་མདེལ་རག་མ་ཐག་ཡིན་པ་དེ་མིག་སྔར་གནས་སྐབས་བེད་སྤྱོད་གཏོང་གི་མེད་ཅེས་བཤད་པ་རེད། ཐ་ནཱ་ཕུའུ་སི་ཅི་ཡིས་དེ་ནི་ཧ་ཅང་སྟོབས་དང་ལྡན་པའི་མཚོན་ཆ་ཞིག་ཡིན་པས་ཡུག་རེན་མཐོ་རིམ་གྱིས་ས་ཁུལ་གང་དག་ནས་སྤྱད་ཆོག་པ་གཏན་འབེབས་བྱ་རྒྱུར་སྒུག་དགོས། ཐ་ན་ཕུའུ་སི་ཅིས་ཕོན་ཆག་རྫས་མདེལ་བེད་སྤྱོད་བྱེད་པའི་ཚོད་འཛིན་ཏེ་མི་ཚོགས་འདུ་ཆེ་བའི་ས་ཁུལ་དུ་བཀོལ་སྤྱོད་བྱེད་པར་བཀག་སྡོམ་བྱ་རྒྱུ་ཡིན་པ་ནན་བཤད་བྱས་ཡོད།

   ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ཨ་རིའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཨ་རིས་མཁོ་འདོན་བྱས་པའི་ཕོན་ཆག་རྫས་མདེལ་ད་ལྟ་ཡུག་རེན་དུ་འབྱོར་ཡོད་ཀྱང་ཡུག་ཕྱོགས་ཀྱིས་ད་དུང་སྤྱད་མེད་ཅེས་བཤད་ཡོད།

འཛམ་གླིང་སྐར་ཁུངས།

མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་བར་གྲོས་མོལ་འདི་སྤེལ་འདུག

ཕྱོགས་གཉིས་པོས་ད་དུང་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲུ་རིགས་བདེ་འཇགས་དང་། གནམ་གཤིས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ཚན་རྩལ་མཐོ་བའི་འཕེལ་རྒྱས་བཅས་ཐད་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས་པ་རེད།

中央广播电视总台 央广网 版权所有