ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

དབྱར་ཁ་ལུས་སྦྱོང་འདི་འདྲ་བྱས་ན་ཕན་ཐོགས་ཆེན་པོ་འདུག

2023-07-13 15:35:00     责编:娜科

འཆམ་འཆམ།

    འཆམ་འཆམ་འོས་འཚམ་བྱེད་པ་ནི་དབྱར་ཁའི་ལུས་སྦྱོང་ཡག་ཤོས་ཀྱི་གྲས་ཤིག་རེད་ལ། རྒན་དར་གཞོན་གསུམ་ཚང་མར་འཚམ་པོ་ཡོད།  ང་ཚོས་རང་ཉིད་ཀྱི་ལོ་ཚོད་དང་། གཟུགས་པོར་གཞིགས་ཏེ་འཆམ་འཆམ་འོས་འཚམ་བྱེད་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ། གལ་སྲིད་ཁྱེད་རང་འཆམ་འཆམ་དུ་ཕེབས་དུས་མགོ་ན་བ་དང་། ངལ་དུབ་ཆེ་བ་སོགས་བྱུང་ཚེ་ངལ་གསོ་ཏོག་ཙམ་བརྒྱབ་ན་ཡག་པོ་ཡོད།

 

ཆུ་རྐྱལ།

    ཆུ་རྐྱལ་ནི་ལག་པ་དང་། རྐང་པ། རྐེད་པ་སོགས་ལ་སྦྱོང་བརྡར་ཐེབས་པ་དང་། སྙིང་དང་ཀླད་པ། གློ་བ། མཆིན་པ་སོགས་དང་། ལྷག་པར་དུ་ཁྲག་འཁོར་རྒྱུག་ལ་ཧ་ཅང་ཕན་པའི་ལུས་སྦྱོང་ཞིག་རེད། དེས་ན། མི་མང་པོ་ཞིག་གིས་དེར་ཁྲག་རྩའི་སྦྱོང་བརྡར་ཞེས་བརྗོད་ཀྱི་ཡོད། དེས་མ་ཟད། ཤ་རྒྱགས་པ་ཚོས་ཆུ་རྐྱལ་འོས་འཚམ་བརྒྱབ་ན་རིད་དུ་འགྲོ་སྲིད། ཐེངས་རེར་སྐར་མ་བཅུ་ནས་སུམ་ཅུ་དང་། གཟའ་འཁོར་རེར་ཐེངས་གཉིས་གསུམ་བྱས་ན་འཚམ་པོ་ཡོད། འོན་ཀྱང་། དགོང་མོའི་ཆུ་ཚོད་10པའི་རྗེས་སུ་ཆུ་རྐྱལ་བརྒྱབ་ཚེ། གཉིད་མི་ཁུག་པའི་གནས་ཚུལ་ཡང་ཐོན་སྲིད།

བྱ་སྒྲོའི་སྤོ་ལོ།

    བྱ་སྒྲོའི་སྤོ་ལོ་ནི་ལུས་པོ་ཡོངས་ལ་སྦྱོང་བརྡར་ཐུབ་པའི་ལུས་རྩལ་ཞིག་རེད། བྱ་སྒྲོའི་སྤོ་ལོ་འོས་འཚམ་བརྩེས་ན་གཟུགས་པོ་བདེ་ཐང་ཡོང་བ་དང་མཇིང་ཚིགས་ཀྱི་ནད་འགོག་ཐུབ། ལྷག་པར་དུ་ལུས་ཀྱི་དུག་རྒྱུ་ཕྱིར་འཕུད་པར་སྐུལ་འདེད་གཏོང་ཐུབ། དེར་བརྟེན། གཞོན་ནུ་ཚོས་ཐེངས་རེར་སྐར་མ་40ནས་50བར་དང་། རྒན་རྒོན་དང་ལུས་སྟོབས་ཅུང་ཞན་པས་སྐར་མ་20ནས་30བར་བརྒྱབ་ན་འཚམ་པོ་ཡོད།

ཡོ་ག

    ཡོ་ག་ནི་དབྱར་ཁའི་ལུས་སྦྱོང་གི་གདམ་ག་ཡག་ཤོས་ཤིག་རེད། དབྱར་དུས་མིའི་ལུས་པོ་མཉེན་ཤོས་ཀྱི་དུས་ཡིན་པས། ཚིགས་འཆུས་པ་སོགས་ཐོན་མི་སྲིད། དེར་བརྟེན། ཁོག་པ་སྟོང་པར་ཡོ་ག་བརྩེས་ན་ཕན་ནུས་ཆེ་བ་དང་། ཡག་ཤོས་བྱུང་ན་ཁ་ལག་བཟས་ནས་ཆུ་ཚོད་གཉིས་གསུམ་ཙམ་གྱི་རྗེས་དང་། ཡང་ན་ཡོ་ག་བརྩེས་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཁ་ལག་བཟས་ན་ཡག་པོ་ཡོད། ད་དུང་། ཡོ་ག་བརྩེས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ཚུན་དུ་གཟུགས་པོ་བཀྲུ་མི་རུང་།

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིའི་ཙུང་ཐུང་ཐའེ་ཝན་དུ་སྐྱོད་བྱ་རྒྱུའི་ཐད།

ཟླམའོ་ཉིང་གིས། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པས།

中央广播电视总台 央广网 版权所有

དབྱར་ཁ་ལུས་སྦྱོང་འདི་འདྲ་བྱས་ན་ཕན་ཐོགས་ཆེན་པོ་འདུག

ཡོ་ག་ནི་དབྱར་ཁའི་ལུས་སྦྱོང་གི་གདམ་ག་ཡག་ཤོས་ཤིག་རེད། དབྱར་དུས་མིའི་ལུས་པོ་མཉེན་ཤོས་ཀྱི་དུས་ཡིན་པས། ཚིགས་འཆུས་པ་སོགས་ཐོན་མི་སྲིད།