ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ལུས་པོའི་གནས་ཚུལ་ལ་བལྟས་ནས་ཆུ་འཐུང་སྟངས།

2023-07-13 15:25:00     责编:娜科

1.ངོ་གདོང་གི་གྲོ་ཐིག་སེལ་འདོད་ན།

 

    ལུས་པོས་ རྙིང་ ཚབ་གསར་བརྗེ་མཚན་གཅིག་བྱས་རྗེས། ལུས་པོའི་སྙིགས་རོ་ཕྱིར་འབུད་དགོས་པས་ཞོགས་པ་ལྟོགས་སྟོང་དུ་མངར་རྒྱུ་དང་འཚོ་བཅུད་གཞན་མེད་པའི་ཆུ་ཁོལ་གྲང་ཕོར་པ་གང་བཏུངས་ན། ལུས་པོའི་དུག་རྒྱུ་ཕྱིར་འདོན་ཐུབ་པས་ཡུན་རིང་རྒྱུན་འཁྱོངས་བྱས་ན་གྲོ་ཐིག་དག་ཐུབ།

 

2.རྒྱགས་པས་ཆུ་འཐུང་སྟངས།

 

    རྒྱགས་པ་ཡིན་ན་ཁ་ལག་བཟས་ནས་ཆུ་ཚོད་ཕྱེད་ཀ་སོང་རྗེས་ཆུ་བཏུངས་ན། ཕོ་བ་དང་རྒྱུ་མའི་འཇུ་བྱེད་ནུས་པར་སྲུང་སྐྱོང་ཐུབ་ནས་གཟུགས་བྱད་ལ་ཚོད་འཛིན་བྱེད་ཐུབ།

 

3.ཆམ་པ་ཕོག་སྐབས་ཆུ་འཐུང་སྟངས།

 

    ཆམ་པ་ཕོག་སྐབས་ཆུ་རྣམ་ཀུན་ལས་ཀྱང་དེ་བས་མང་བ་འཐུང་དགོས། ཆུ་གང་མང་བཏུངས་ན་རྔུལ་ཆུ་དང་གཅིན་པ་མང་པོ་ཐོན་པ་དང་ཆབས་ཅིག་ལུས་དྲོད་དོ་སྙོམས་དང་། ལུས་ཀྱི་ནད་དུག་ཕྲ་མོ་ཕྱི་རུ་འདོན་ཐུབ།

 

4.གློ་རྒྱག་དུས་ཆུ་འཐུང་སྟངས།

 

    གློ་རྒྱག་དུས་ཆུ་ཚ་པོ་གང་མང་འཐུང་དགོས། གང་ལགས་ཤེ་ན་ཆུ་ཚ་པོ་བཏུངས་ན་ལུད་པ་སླ་རུ་སོང་ནས་ཕྱིར་འདོན་སླ་བ་དང་། ཆུ་མང་པོ་བཏུངས་པས་གཅིན་པ་མང་པོ་ཐོན་པ་དང་ཆབས་ཅིག ནད་འབུ་ཕྲ་མོ་ཡང་ཕྱིར་འབུད་བྱེད་ཐུབ།

 

5.ཕོ་བ་ན་དུས་ཆུ་འཐུང་སྟངས།

 

    ཕོ་བ་ན་དུས་འབྲས་ཐུག་སླ་པོ་བཏུངས་དགོས་པ་སྟེ། འབྲས་ཐུག་སླ་པོ་ཚ་དྲོད་60℃ཙམ་ཞིག་བསྐོལ་རྗེས་བཏུངས་ན་ཕོ་བས་འཇུ་བདེ་བ་དང་ན་ཚ་སེལ་ཐུབ།

 

6.གཉིད་མ་ཁུག་པའི་སྐབས་ཀྱི་ཆུ་འཐུང་སྟངས།

    ཆུ་ཚ་པོ་འཐུང་བ་དང་ཆུ་ཚ་པོས་གཟུགས་པོ་འཁྲུ་བ། ཆུ་ཚ་པོར་རྐང་པ་སྦངས་ན་སེམས་པ་ལྷོད་ལྷོད་དུ་འགྱུར་བ་དང་ལུས་དྲོད་སྙོམས་པོའི་ངང་གཉིད་ལ་ཡུར་ཐུབ།

 

7.བཤང་བ་སྐེམ་དུས་ཆུ་འཐུང་སྟངས།

 

    བཤང་བ་སྐེམ་པའི་རྒྱུ་རྐྱེན་གཉིས་ཡོད་པ་སྟེ། གཅིག་ནི་རྒྱུ་མའི་ནང་གི་བཙོག་ཆེན་ལ་གཤེར་ཚད་མེད་པ་དང་། གཉིས་ནི་རྒྱུ་མས་བཙོག་པ་གཏོང་བའི་ནུས་པ་ཉམས་པས་རེད། གོང་གི་གནས་ཚུལ་འདིར་རྣམ་ཀུན་ཆུ་མང་པོ་བཏུངས་ན་ཕན་པ་དང་། གནས་ཚུལ་རྗེས་མ་དེར་ཆུ་ཧུབ་ཆེན་པོས་འཐུང་དགོས། ཆུ་ཧུབ་ཆེན་པོས་མགྱོགས་པོ་བཏུངས་ན་རྒྱུ་མའི་ནང་གཤེར་ཚད་འཕེལ་བ་དང་རྒྱུ་མའི་ནུས་པ་གསོ་བར་ཕན་པ་ཡོད།

 

8.སྐྱུག་མདངས་བྱེད་དུས་ཆུ་འཐུང་སྟངས།

 

    སྐབས་རེ་ཟས་ངན་ཁ་ལ་ཤོར་བས་ལྟོ་བར་མི་བདེ་བ་བྱུང་ནས་སྐྱུག་མདངས་བྱ་སྲིད། དེ་དུས་ཚྭ་ཆུ་སླ་པོ་ཞིག་བཏུངས་ནས་ཕོ་བའི་ནང་གི་མི་འཇུ་བའི་ཟས་བསྐྱུགས་ན་ལྟོ་བ་བདེ་རུ་འགྲོ་ཐུབ་པ་དང་། བསྐྱུགས་ཚར་རྗེས་ཚྭ་ཆུས་ཁ་ལ་ཆུ་བཤལ་བཏང་ན་ཁ་ཕུག་གཙང་མ་ཡོང་ཐུབ།

 

9.སྙིང་ནད་ཅན་གྱི་ཆུ་འཐུང་སྟངས།

 

    སྙིང་ནད་ཅན་གྱིས་དགོང་མོ་གཉིད་མ་ཉལ་གོང་ཆུ་ཕོར་གང་འཐུང་བའི་གོམས་གཤིས་འཇགས་ན། སྙིང་གཟེར་དང་སྙིང་རྩ་འགག་པའི་ནད་སྔོན་འགོག་བྱེད་ཐུབ་ལ། མཚན་མོ་གློ་བུར་སྙིང་ནད་ལང་བའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིའི་ཙུང་ཐུང་ཐའེ་ཝན་དུ་སྐྱོད་བྱ་རྒྱུའི་ཐད།

ཟླམའོ་ཉིང་གིས། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པས།

中央广播电视总台 央广网 版权所有

ལུས་པོའི་གནས་ཚུལ་ལ་བལྟས་ནས་ཆུ་འཐུང་སྟངས།

སྙིང་ནད་ཅན་གྱིས་དགོང་མོ་གཉིད་མ་ཉལ་གོང་ཆུ་ཕོར་གང་འཐུང་བའི་གོམས་གཤིས་འཇགས་ན། སྙིང་གཟེར་དང་སྙིང་རྩ་འགག་པའི་ནད་སྔོན་འགོག་བྱེད་ཐུབ་ལ། མཚན་མོ་གློ་བུར་སྙིང་ནད་ལང་བའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།