ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་བཙན་འཛུལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས།

2023-07-12 15:47:00     责编:娜科

   ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

   དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར། ཨ་རིའི་རྒྱལ་དོན་ཁང་གིས་ཨ་རིའི་དམག་དཔུང་ཨ་ཧྥུ་ཀ་ནི་སི་ཐན་ནས་ཕྱིར་འཐེན་བྱས་པའི་སྐོར་གྱི་གནས་ཚུལ་དཔྱད་དཔོག་སྙན་ཞུ་སྤེལ་ནས། 2021ལོར་ཨ་རིའི་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་ནས་ད་མག་དཔུང་ཕྱིར་འཐེན་བྱས་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲ་སྒྲིག་མི་འདང་བ་དང་། ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་ཟང་ཟིང་གིས་ཁེངས་པར་བསམ་གཞིག་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 

   དྲིས་ལན། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་སྙན་ཞུ་ཁྱབ་བསྒྲགས་བྱས་པར་ང་ཚོ་དོ་སྣང་བྱུང་། བློ་ཕམ་དགོས་པ་ཞིག་ནི། ཨ་རི་ཕྱོགས་ཀྱིས་སྐྱོན་ཞིབ་དང་བསམ་གཞིག་བྱེད་རིན་ཡོད་པའི་གནད་དོན་དག་སྙན་ཞུའི་ནང་མངོན་མེད་པ་རེད། དཔེར་ན། རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ནས་བདག་དབང་རྒྱལ་ཁབ་ལ་རྡུང་རྡེག་ཤུགས་ཆེན་བཏང་བ་དང་། “དམངས་གཙོའི་”དར་ཆ་བསྒྲེངས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ། གདམ་ག་ཡོད་པའི་སྒོ་ནས་འཇིགས་སྐུལ་ལ་ངོ་རྒོལ་ཤུགས་ཆེན་བྱས་པས་“ཇི་ཙམ་ངོ་རྒོལ་བྱས་ན་དེ་ཙམ་གྱིས་འཇིགས་སྐྲག་”བཟོས་ཏེ། ཉེས་མེད་མི་སེར་ཤི་རྨས་འབོར་ཆེན་བཟོས་པ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཟིང་ཆ་བསླངས་པ་སོགས་རེད། 

འཛམ་གླིང་སྐར་ཁུངས།

ཨུ་རུ་སུའི་མཚོ་དམག་དམག་གྲུ་ཀྲུང་གོར་སླེབས་འདུག

“ལྡིར་སྒྲ་”དང་“ཕུན་ཚོགས”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུའི་ཞེང་ཚད་ལ་སྨི་104.5དང་། ཞེང་ཚད་ལ་སྨི་13ཡོད་པ་དང་། ཆུ་ཤོང་ཚད་སྨི་7.95དང་། ཆུ་འབུད་ཚད་ཏུན་2250ཟིན་ཡོད།

中央广播电视总台 央广网 版权所有

ཨ་རིས་བཙན་འཛུལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས།

ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།