ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ལྗར་པན་གྱི་བཤད་ཚུལ་དེར་ཀྲུང་གོས་དགག་པ་བརྒྱབ།

2023-04-13 17:03:00     责编:娜科

   ཟླ་4ཚེས་11ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

   གསར་འགོད་པ་ཞིག་གིས་དྲིས་དོན། ལྗར་པན་གྱིས་ཁྱབ་བསྒྲགས་བྱས་པའི་ཕྱི་འབྲེལ་རྒྱབ་ཤ་སྔོན་པོའི་དེབ་ནང་ཀྲུང་གོ་ནི་ལྗར་པན་གྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཀྲུང་གོའི་ཕྱི་འབྲེལ་དང་དམག་དོན་འཕེལ་རྒྱས་ནི་ལོ་རྒྱུས་ཐོག་གི་འཐབ་ཇུས་ཀྱི་འགྲན་སློང་ཆེ་ཤོས་དེ་རེད་ཅེས་འཁོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

   ཝང་ཝུན་པིན་གྱིས་བཤད་དོན། ལྗར་པན་ཕྱོགས་ཀྱིས་ཀྲུང་གོར་དམའ་འབེབས་དང་སྐྱོན་འཛུགས་བྱེད་པའི་གཏམ་འཆལ་རྙིང་པ་རྒྱུན་འཛིན་བྱས་ནས། ཀྲུང་གོའི་འཇིགས་སྐུལ་ཟེར་བ་འུད་སྒྲོག་བྱེད་པ་དང་། ཀྲུང་གོའི་ནང་སྲིད་ལ་ཁུངས་ལུང་མེད་པར་ཐེ་ཇུས་བྱེད་ཀྱི་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

   ཝང་ཝུན་པིན་གྱིས་བསྟན་དོན། ང་ཚོས་ལྗར་པན་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ཏེ། དཔུང་ཁག་བར་གྱི་འགྲན་རྒོལ་བྱེད་མཚམས་འཇོག་རྒྱུ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཏན་ཏིག་ཞུ་རྒྱུ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་སྒྲུབ་པ་བཅས་བྱས་ནས་དགེ་མཚན་ལྡན་པ་དང་། བརྟན་ལྷིང་གི་ཀྲུང་གོའི་འབྲེལ་བ་འཛུགས་པའི་རྣམ་འགྱུར་དེ་བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།

ཡོང་ཁུངས། མི་དམངས་དྲ་བ།

འཛམ་གླིང་སྐར་ཁུངས།

ཐའེ་ཝན་ལ་རྒྱལ་སྲུང་པུའུ་ཟེར་བ་མེད།

ཝང་ཝུན་པིན་གྱིས། འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ང་ཚོས་གསལ་བཤད་གསལ་པོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་

中央广播电视总台 央广网 版权所有

ལྗར་པན་གྱི་བཤད་ཚུལ་དེར་ཀྲུང་གོས་དགག་པ་བརྒྱབ།

དཔུང་ཁག་བར་གྱི་འགྲན་རྒོལ་བྱེད་མཚམས་འཇོག་རྒྱུ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཏན་ཏིག་ཞུ་རྒྱུ་དང་།