ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐའེ་ཝན་ལ་རྒྱལ་སྲུང་པུའུ་ཟེར་བ་མེད།

2023-04-13 17:02:00     责编:娜科

   2023ལོའི་ཟླ་4ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 

   ཧྥ་རན་སེ་གསར་འགྱུར་ཁང་གི་གསར་འགོད་པས། ཐའེ་ཝན་གྱི་“རྒྱལ་སྲུང་པུའུ་”ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཐའེ་ཝན་གླིང་ཕྲན་སྐོར་བའི་དམག་དོན་ནང་སྦྱོང་མཇུག་བསྒྲིལ་རུང་། དེ་རིང་ཐའེ་ཝན་གླིང་ཕྲན་གྱི་མཐའ་འཁོར་དུ་སྔར་བཞིན་སྐམ་ས་ཆེ་མོའི་དམག་གྲུ་9དང་དམག་འཐབ་གནམ་གྲུ་26ཡོད་པ་མྱུལ་ཞིབ་ཐུབ་ཡོད། དམག་གྲུ་དང་དམག་སྤྱོད་གནམ་གྲུ་འདི་དག་སྔར་བཞིན་དེ་ཁུལ་དུ་འཇོག་དོན་གང་ཡིན་པ་ཁྱེད་ཀྱིས་གསལ་འགྲེལ་བྱེད་ཐུབ་བམ་ཞེས་དྲིས།  

   ཝང་ཝུན་པིན་གྱིས། འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ང་ཚོས་གསལ་བཤད་གསལ་པོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ངས་སླར་ཡང་ནན་བཤད་བྱ་རྒྱུ་ཡིན། ངས་ད་དུང་ཁ་གསབ་ཅིག་བྱ་རྒྱུར། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འཕྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས་ཐའེ་ཝན་ལ་“རྒྱལ་སྲུང་པུའུ་”ཟེར་བ་མེད་ལུགས་ཀྱང་ངས་གསལ་བཤད་བྱ་རྒྱུ་ཡིན། 

ཡོང་ཁུངས། མི་དམངས་དྲ་བ།

འཛམ་གླིང་སྐར་ཁུངས།

ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དགོས།

ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཐོག་སླར་ཡང་ལོག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཐའེ་ཝན་ལ་རྒྱལ་སྲུང་པུའུ་ཟེར་བ་མེད།

ཝང་ཝུན་པིན་གྱིས། འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ང་ཚོས་གསལ་བཤད་གསལ་པོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་