ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དགོས།

2023-04-13 17:02:00     责编:娜科

   ཟླ་4ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་གྱི་སྐད་ཆ་ཤོད་རེས་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་མིག་སྔར་ཀྲུང་ཨའི་འབྲེལ་བར་དཀའ་ངལ་འཕྲད་ཡོད་ཅིང་འགན་འཁྲི་ཀྲུང་གོའི་ཕྱོགས་ལ་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས། ཕྱོགས་གཅིག་ནས་ཀྲུང་ཨའི་འབྲེལ་བར་སྐྱོབ་ར་འཛུགས་དགོས་ཟེར་བ་དང་། ཕྱོགས་གཅིག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ལ་གཏོར་བཤིག་གཏོང་རྒྱུ་མཚམས་འཇོག་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཐོག་སླར་ཡང་ལོག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་ལྷོ་ཁོ་རེ་ཡའི་མཐོ་རིམ་དཔོན་རིཊ་ལ་ལྐོག་ཉན་བྱས་པར་་་་་

གནས་ཚུལ་སྤེལ་བར་གཞིགས་ན། ཚེས་10ཉིན་ལྷོ་ཁོ་རེ་ཡའི་ཙུང་ཐུང་གཞུང་ལས་ཁང་གི་མཐོ་རིམ་དཔོན་རིགས་ཤིག་གིས་ལྷོ་ཁོ་རེ་ཡའི་མཉམ་འབྲེལ་འཕྲིན་སྤེལ་ཁང་གི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས།

中央广播电视总台 央广网 版权所有

ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དགོས།

ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་ཐོག་སླར་ཡང་ལོག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།