ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་དབྱི་སི་རལ་ལ་མཚོན་ཆ་འཚོང་རྒྱུ་ཡིན་པ།

2021-05-19 15:19:00     责编:卓玛才让

     ཉེ་ཆར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་མུ་མཐུད་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཚོས་ཐུན་མོང་གི་ལྟ་ཚུལ་བཏོན་ནས། ཕ་དབྱི་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་མོད། ཡིན་ནའང་ཨ་རིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བར་བཀག་འགོག་བྱས་པ་མ་ཟད། ད་དུང་དབྱི་སི་རལ་ལ་མཚོན་ཆ་འཚོང་རྩིས་ཡོད་པ་རེད།

ཨ་རིའི་སྨྱན་སྦྱོར་གྱིས་པའེ་ཏེང་སྲིད་གཞུང་གིས་དབྱི་སི་རལ་ལ་མཚོན་ཆ་འཚོང་རྒྱུར་ཆོག་མཆན་གནང་ཡོད་པ་བསྟན་འདུག

     ཝ་ཤིང་ཐོན་སྦྲག་སྲིད་ཚགས་པར་གྱི་དྲ་ཚིགས་ཐོག་སྤྱི་ཚེས་17ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཚོགས་ཀྱི་ཆ་འཕྲིན་མི་སྣས་པའེ་ཏེང་སྲིད་གཞུང་གིས་དབྱི་སི་རལ་ལ་རིན་ཐང་ཨ་སྒོར་དུང་ཕྱུར་7.35ཟིན་པའི་མཚོན་ཆ་ཕྱིར་འཚོང་བྱ་རྒྱུར་ཆོག་མཆན་བཀོད་ཟིན་པའི་སྐོར་བསྟན་ཡོད་པ་རེད།

 

     གནས་ཚུལ་ལ་རྒྱུས་ལོན་ཡོད་པའི་རྒྱལ་ཚོགས་ཀྱི་ཆ་འཕྲིན་མི་སྣ་3གྱིས། སྤྱི་ཟླ་5ཚེས་5ཉིན་རྒྱལ་ཚོགས་ལ་མཚོན་ཆ་ཕྱིར་འཚོང་གི་བརྡ་ཐོ་དངོས་སུ་འབྱོར་ཡོད་པ་བསྟན་འདུག གཏན་འབེབས་ལྟར་ན། ཨ་རི་སྲིད་གཞུང་གིས་མཚོན་ཆ་ཕྱིར་འཚོང་གི་རིགས་ངེས་པར་དུ་རྒྱལ་ཚོགས་ལ་བརྡ་གཏོང་དགོས་པ་དང་། རྒྱལ་ཚོགས་ལ་བརྡ་ཐོ་འབྱོར་རྗེས་ཀྱི་ཉིན་15ནང་བཙན་ཤེད་སྟོབས་ཤུགས་མེད་པའི་བརྡས་ཐག་བཅད་པ་བརྒྱུད་ནས་དགག་པ་རྒྱག་པའི་དབང་ཆ་ཡོད་པ་རེད།

     ཡིན་ནའང་རྒྱལ་ཚོགས་ཀྱི་ཆ་འཕྲིན་མི་སྣས་ཕ་དབྱིའི་དྲག་པོའི་གདོང་ཐུག་སྔར་བཞིན་མཚམས་ཆད་མེད་ཀྱང་། གྲོས་མི་རྣམས་ཀྱིས་མཚོན་ཆ་ཕྱིར་འཚོང་ལ་དགག་པ་རྒྱག་མི་སྲིད་པ་བསྟན་འདུག མིག་སྔར་མཚོན་ཆ་ཕྱིར་འཚོང་གི་རིགས་ལ་དཔྱད་དཔོག་བྱེད་མཁན་རྒྱལ་ཚོགས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་དམངས་གཙོ་ཏང་དང་། སྤྱི་མཐུན་ཏང་གི་འགོ་ཁྲིད་མི་སྣ་ཚོས་དགག་རྒྱག་གི་བསམ་ཚུལ་བཏོན་མེད་པ་རེད།

ཨ་རིས་གཟའ་འཁོར་གཅིག་ནང་བདེ་འཇགས་ཨུ་ལྷན་གྱིས་གསལ་བསྒྲགས་སྤེལ་བར་བཀག་འགོག་ཐེངས་གསུམ་བྱས་པ།

     ཕ་དབྱིའི་གནས་བབ་མུ་མཐུད་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མང་ཆེ་བས་ཐུན་མོང་ལྟ་ཚུལ་བཏོན་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲང་བདེན་དྲང་བཞག་སྒོ་ནས་ཕ་དབྱིའི་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། ཕ་དབྱི་རྒྱལ་ཁབ་གཉིས་ཀྱིས་ཞི་མཐུན་མཉམ་གནས་མངོན་འགྱུར་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་འདོད་ཚུལ་བཏོན་ཡོད།

     ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མིག་སྔའི་བར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཐུབ་མེད། དེའི་རྒྱུ་རྐྱེན་ནི་ཨ་རིས་བཀག་འགོག་བྱས་པས་རེད། དབྱི་སི་རལ་གྱི་སྨྱན་སྦྱོར་དབྱི་སི་རལ་སྐབས་དོན་ཚགས་པར་ཐོག་སྤྱི་ཚེས་17ཉིན་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་16ཉིན་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག ཨ་རིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕ་དབྱིའི་གནད་དོན་སྐོར་གྱི་གསལ་བསྒྲགས་སྤེལ་བར་ཡང་བསྐྱར་བཀག་འགོག་བྱས་ཡོད་པ་དང་། དེ་ནི་ཨ་རིས་གཟའ་འཁོར་གཅིག་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་བསྒྲགས་ལ་བཀག་འགོག་བྱེད་ཐེངས་གསུམ་པ་དེ་ཡིན།

     སྤྱི་ཟླ་5ཚེས་10ཉིན་དང་ཚེས་12ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཛ་དྲག་གྲོས་བསྡུར་ཐེངས་གཉིས་བྱས་ཟིན་པ་དང་། ཁོངས་མིའི་རྒྱལ་ཁབ་15ཁྲོད་ཨ་རི་ཁོ་ནས་དགག་པ་བརྒྱབ་ཡོད་པས། དེའི་རྐྱེན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མིག་སྔའི་བར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཐུབ་མེད་པ་རེད།

ཨ་རི་དང་དབྱི་སི་རལ་གྱི་འགོ་ཁྲིད་པའི་བར་ཁ་པར་ལམ་ནས་འབྲེལ་གཏུག་བྱས་ཡོད་པ་དང་། པའེ་ཏིང་གིས་ཕ་དབྱིས་དམག་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱས་ཡོད།

     ཨ་རིའི་ཙུང་ཐུང་པའེ་ཏེང་གིས་སྤྱི་ཚེས་17ཉིན་དབྱི་སི་རལ་གྱི་ཙུང་ལི་ནེའུ་ཐ་ཉི་ཡ་ཧུའུ་ལ་ཁ་པར་བཏང་བ་དང་། ཕོ་བྲང་དཀར་པོའི་གསལ་བསྒྲགས་ཤིག་གི་ནང་། པའེ་ཏེང་གིས་གླེང་མོལ་ཁྲོད་ཁོང་གིས་ཕ་དབྱིས་དམག་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཞིང་། ཨ་རི་དང་ཨེ་ཇེབ་དེ་བཞིན་རོགས་ཟླ་གཞན་བར་འབྲེལ་གཏུག་བྱས་ནས། དམག་མཚམས་འཇོག་རྒྱུར་འདུམ་འགྲིག་ཧུར་ཐག་བྱ་རྒྱུའི་སྐོར་གྱི་ནང་དོན་ལ་གྲོས་བསྡུར་བྱས་ཡོད་པ་དང་། པའེ་ཏེང་གིས་དབྱི་སི་རལ་གྱི་རང་སྲུང་དབང་ཆར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བསྐྱར་བཤད་བྱས་ཡོད་པ་བསྟན་འདུག

     ཉིན་དེར། ཨ་རིའི་རྒྱལ་དོན་བློན་ཆེན་བྷི་ལིན་ཁེན་གྱིས། ཨ་རིས་ཕ་དབྱི་བར་གྱི་དྲག་པོའི་གདོང་ཐུག་མཇུག་སྒྲིལ་ཆེད་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་བསྟན་ཡོད། ཏེན་མག་གི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་སྤེལ་བའི་གསལ་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག གསར་འགོད་པས་ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་ལ་རྒོལ་གཏམ་གཏོང་བའི་གསལ་བསྒྲགས་སྤེལ་བར་བཀག་འགོག་བྱེད་དགོས་དོན་ཅི་ཡིན་སྐོར་དྲིས་པར། བྷི་ལིན་ཁེན་གྱིས་ཁོ་ཚོས་ཕྱི་འབྲེལ་འབད་ཐབས་ཀྱི་ལམ་བུ་བཀག་མེད་པ་དང་། དེ་ལས་ལྡོག་སྟེ་ཨ་རིས་རྒྱུན་ཆད་མེད་པར་ཕྱི་འབྲེལ་འབད་ཐབས་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

     ཨ་རིའི་རྣམ་འགྱུར་ལ་དྲ་གྲོགས་སྐོར་ཞིག་གིས་རྒོལ་གཏམ་བཏང་ཡོད་པ་དང་། དྲ་གྲོགས་ལ་ལས་ཨ་རིའི་རང་འདོད་ཁེར་སྒྲུབ་ཀྱི་བྱེད་སྟངས་ནི་རང་ཉིད་ཁོ་ནའི་ཁེ་ཕན་གྱི་ཆེད་དུ་ཡིན་པ་དང་། ཨ་རིར་མཚོན་ན་སྒྲིག་ལམ་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་སྒྲིག་སྲོལ་ནི་ཨ་རིའི་སྒྲིག་ལམ་དང་ཨ་རིས་འཚམ་པར་འདོད་པའི་སྒྲིག་སྲོལ་ལ་གོ་བ་ཡིན། ཨ་རིའི་ཕྱི་འབྲེལ་ནི་བཙན་ཤེད་དང་བཀག་སྡོམ། ཚོད་འཛིན། རྫུན་བཤད་པ་བཅས་ལ་བརྟེན་ནས་སྤེལ་གྱི་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན།

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ཨ་རིས་དབྱི་སི་རལ་ལ་མཚོན་ཆ་འཚོང་རྒྱུ་ཡིན་པ།