ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བདེ་འཇཊ་གནས་བབ་སྡུག་ཏུ་ཕྱིན། མང་ཚོཊ་འཚོ་བར་དཀའ་ངལ་འཕྲད།

2024-03-12 16:08:00     责编:卓玛才让
     ཉིན་ཤས་བསྟུད་མར་ཧེ་ཐི་ཡི་དྲག་ཆས་ཤོག་ཁག་གིས་དྲག་ཤུགས་དོན་རྐྱེན་བསྟུད་མར་བསླངས་པས། ཧེ་ཐི་ཡི་བདེ་འཇགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་ཕྱིན་ཡོད།

     ཧེ་ཐི་རུ་བཅའ་སྡོད་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་རྒྱལ་སྲས་གྲུ་ཁར་ལྟ་ཞིབ་བྱས་པ་ལྟར་ན། དྲག་ཤུགས་དོན་རྐྱེན་རྒྱུན་མཐུད་ཐོན་རྐྱེན་རྒྱལ་ཁབ་དེའི་སྤྱི་པའི་ལས་ཁུངས་དང་། སློབ་གསོའི་ལས་ཁུངས། ཚོང་ལས་བྱེད་སྒོ། གནམ་གྲུ་ཐང་། གྲུ་ཁ་བཅས་ཀྱི་ཞབས་ཞུ་ཧ་ལམ་ཡོངས་སུ་ལས་ནུས་ཤོར་བ་དང་། སྨན་ཁང་ཡང་རྒྱུན་གཏན་ལྟར་འཁོར་སྐྱོད་བྱ་ཐབས་བྲལ་བས། ས་གནས་དེ་གའི་གྲོང་མིའི་འཚོ་བའི་གཞི་རྩའི་དངོས་རྫས་དང་སྨན་རྫས་དཀོན་པ་དང་། དངོས་རྫས་དཀོན་རིགས་ཀྱི་རིན་གོང་འཕར་བའི་གནས་ཚུལ་ཐོན་ཡོད། རྒྱལ་ས་རྒྱལ་སྲས་གྲུ་ཁར་འཐུང་ཆུ་ཧ་ཅང་དཀོན་པ་དང་། དྲག་ཆས་ཤོག་ཁག་གིས་བཀག་སྡོམ་བྱས་པའི་ཁྲོམ་གཞུང་དུ་ཆུ་སྐྱེལ་རླངས་འཁོར་གྱིས་མང་ཚོགས་ལ་ཆུ་སྐྱེལ་ཐབས་བྲལ་བས། མི་རྣམས་ནས་གང་སར་རིན་མེད་ངང་མཁོ་འདོན་བྱེད་པའི་འཐུང་ཆུ་འཚོལ་བའམ། ཡང་ན་འཐུང་ཆུ་འཚོང་སར་གྲལ་སྟར་རིང་པོ་བསྒྲིགས་ཏེ་མི་ཉོ་ཀ་མེད་བྱུང་འདུག་ལ། འཐུང་ཆུའི་རིན་གོང་དེ་སྔའི་ཅ་ལུན་5རེར་ཀུའུ་ཏེ་100ནས་ཀུའུ་ཏེ་150བར་འཕར་ཡོད། རྒྱལ་སྲས་གྲུ་ཁའི་སྣུམ་སྣོན་ས་ཚིགས་ཆེ་གྲས་ཁག་ལལང་འབར་རྒྱུ་དཀོན་པའི་གནས་ཚུལ་འཕྲད་ཡོད་པ་དང་སྣུམ་སྣོན་ས་ཚིགས་ཁག་གཅིག་གིས་སྔར་བཞིན་སྒོ་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཡོད།

     ཧེ་ཐིའི་བདེ་འཇགས་གནས་བབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་སེམས་ཁྲལ་བྱེད་བཞིན་ཡོད། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་11ཉིན། ཅ་ལེ་པིའི་ཐུན་མོང་ཚོགས་པས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་མི་སྐོང་ནས་ཧེ་ཐིའི་དུས་བབ་ཐད་ཛ་དྲག་ཚོགས་འདུ་འཚོགས་པ་རེད། དེའི་དམིགས་ཡུལ་ནི་མིག་སྔའི་གནས་ཚུལ་ལ་འགྱུར་ལྡོག་གང་མགྱོགས་བཏང་ནས་ཧེ་ཐིའི་བདེ་འཇགས་སྒྲིག་ལམ་སླར་གསོ་བྱ་རྒྱུ་དང་འབྲེལ་ས་གནས་དེ་གའི་གྲོང་མིར་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་དེ་རེད།

     རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས་ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལྟར་ན། རྒྱལ་ཁབ་དེར་མིག་སྔར་མི་ཁྲི་36.2ཡུལ་གྱར་བར་གྱུར་བ་དེ་ལོ་འགོ་ལས་བརྒྱ་ཆ་15འཕར་ཡོད་པ་དང་། དེའི་ནང་ཕྱེད་ཀ་ཡན་ནི་བྱིས་པ་ཡིན་པ་རེད། ཧེ་ཐི་ཡི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་དེའི་ཤོག་ཁག་ཚོགས་པའི་ཁོངས་མིའི་ཁྲོད་དུ་ཧ་ལམ་བརྒྱ་ཆ་30ནས་བརྒྱ་ཆ་50བར་ནི་ནར་མ་སོན་པའི་མི་ཡིན་པ་དང་། དབུལ་ཕོངས་དང་དཔལ་འབྱོར་གྱི་ཡོང་ཁུངས་དཀོན་པའི་དབང་གིས་ཁོ་ཚོ་དྲག་ཆས་ཤོག་ཁག་ནང་མ་ཞུགས་ཐབས་མེད་དུ་གྱུར་ཡོད།

     2021ལོའི་ཟླ་7པར་ཧེ་ཐི་ཡི་སྐབས་དེའི་ཙུང་ཐུང་མོ་དབྱི་ཚི་ལྐོག་གསོད་བྱས་ཏེ་གྲོངས་རྗེས། ཧེང་ལི་ཡིས་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་བ་མ་ཟད་དབང་ཆའང་བཟུང་ཡོད། ཧེ་ཐི་རུ་ད་ལོའི་ཟླ་2ཚེས་7གྱི་གོང་འདེམས་བསྐོ་ཆེན་མོ་བྱ་རྒྱུའི་གཏན་འཁེལ་མོད། འོན་ཀྱང་དུས་བཀག་ལྟར་སྤེལ་མ་ཐུབ་པས་སྤྱི་ཚོགས་ཐོག་མི་འདོད་པའི་རྣམ་པ་ཐོན་ཡོད། ད་ལོའི་ཟླ་2ཚེས་29ཉིན་ནས་བཟུང་། ཧེ་ཐིའི་དྲག་ཆས་ཤོག་ཁག་གིས་རྒྱལ་ས་རྒྱལ་སྲས་གྲུ་ཁའི་ཉེན་རྟོག་ཅུས་དང་། ཉེན་རྟོག་སློབ་གླིང་། གྲུ་ཁ། གནམ་གྲུ་ཐང་། དེ་བཞིན་བཙོན་ཁང་སོགས་ལ་འཇབ་རྒོལ་བྱས་ནས་ཙུང་ལི་ཧེང་ལི་སྲིད་སྟེགས་ལས་འབབ་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར། རྒྱལ་སྲས་གྲུ་ཁའི་བརྒྱ་ཆ་80ཡི་ས་ཁུལ་ནག་ཚོགས་ཀྱིས་ཚོད་འཛིན་བྱས་ཡོད། ཧེ་ཐིའི་སྲིད་གཞུང་གིས་ཟླ་3ཚེས་7ཉིན་སྤྱི་བསྒྲགས་སྤེལ་ནས། རྒྱལ་སྲས་གྲུ་ཁ་གནས་སའི་ནུབ་རྒྱུད་མངའ་སྡེར་ལག་ལེན་བསྟར་བཞིན་པའི་ཛ་དྲག་རྣམ་པ་དེ་ཟླ་4ཚེས་3བར་ནར་འགྱངས་གཏོང་རྒྱུ་དང་ཆབས་ཅིག  ཁྲིམས་འཛིན་ལས་ཁུངས་ཀྱིས་མུ་མཐུད་མཚན་འགྲུལ་བཀག་སྡོམ་གྱི་བྱེད་ཐབས་བཟུང་རྒྱུ་དང་། ས་གནས་དེ་གའི་བདེ་འཇགས་སྒྲིག་ལམ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། ཚེ་རྡོར།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

བདེ་འཇཊ་གནས་བབ་སྡུག་ཏུ་ཕྱིན། མང་ཚོཊ་འཚོ་བར་དཀའ་ངལ་འཕྲད།