ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ད་ལོ་ཁག་དང་པོའི་འབར་མའི་བྱང་རྒྱུད་ཀྱི་ཉེས་གསོག་པ་497འཛིན་བཟུང་བྱས་པ།

2024-03-02 16:09:00     责编:卓玛才让

     འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དང་འབྲེལ་ཡོད་ལ་མུ་མཐུད་རྡུང་རྡེག་ཤུགས་ཆེན་གཏོང་ཆེད། དུས་འགོའི་རྡུང་རྡེག་གཏོང་བའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་རྨང་གཞིའི་ཐོག ད་ལོ་ནས་བཟུང་། སྤྱི་བདེ་པུས་འབར་མའི་ཁྲིམས་འཛིན་སྡེ་ཁག་དང་རྒྱལ་སྤྱིའི་ཉེན་དོན་ཁྲིམས་འཛིན་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་མ་ཟད། ལས་དོན་ཚོགས་ཆུང་མངགས་ནས་འབར་མའི་ཉེན་རྟོག་ཕྱོགས་ལ་གཞོགས་འདེགས་ཀྱིས་མཉམ་འབྲེལ་བྱ་སྤྱོད་སྤེལ་ཏེ། འབར་མའི་ཏ་ཆི་ལིའི་ས་ཁུལ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་497འཛིན་བཟུང་བྱས་པ་རེད། ཟླ་2ཚེས་21ཉིན།  འབར་མའི་ཉེན་རྟོག་ཕྱོགས་ཀྱིས་གོང་གསལ་གྱི་ཉེས་བསགས་དོགས་ཡོད་མི་སྣ་ཚང་མ་རང་རྒྱལ་ལ་རྩིས་སྤྲད་པ་རེད། དེ་ནི་ཀྲུང་གོ་དང་འབར་མའི་ཉེན་རྟོག་ཕྱོགས་ཀྱིས་ཉེན་དོན་ཁྲིམས་འཛིན་མཉམ་ལས་བྱས་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་ལ། ཕྱོགས་གཉིས་པོས་འབར་མའི་ཏ་ཆི་ལིའི་ས་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བའི་མཉམ་འབྲེལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཐོག་མ་དེའང་རེད།

     མིག་སྔའི་འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དང་འབྲེལ་བ་ཡོད་པའི་དུས་བབ་ཛ་དྲག་པོར་དམིགས་ནས། 2023ལོ་ནས་བཟུང་། སྤྱི་བདེ་པུས་འབར་མའི་ཁྲིམས་འཛིན་སྡེ་ཚན་དང་རྒྱལ་སྤྱིའི་ཉེན་རྟོག་ལས་དོན་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཐོག ཡུན་ནན་སྤྱི་བདེ་ལས་ཁུངས་དང་འབར་མའི་འབྲེལ་ཡོད་ས་གནས་ཀྱི་ཁྲིམས་འཛིན་སྡེ་ཚན་དབར་མཐའ་མཚམས་ཉེན་དོན་ཁྲིམས་འཛིན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུར་བཀོད་སྒྲིག་དང་བཀོད་འདོམས་བྱས་ནས། ཁ་བསླུས་བྱ་ཡུལ་དང་མི་སྣའི་ཁུངས་སྣེར་རྒྱུན་མཐུད་ངང་བརྡ་ཁྱབ་བཏང་བ་དང་འབྲེལ་འབར་མར་བཅའ་སྡོད་རང་རེའི་གཞུང་ཚབ་ཆེན་མོ་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག འབར་མའི་ཉེན་རྟོག་ཕྱོགས་དང་མཉམ་འབྲེལ་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར། རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་ཁྲི་4.6རང་རྒྱལ་ལ་རྩིས་སྤྲད་པ་དང་། ཁ་བསླུས་རྒྱག་ས་འབོར་ཆེན་ཞིག་བདེ་བླག་ངང་མེད་པར་བཟོས་པ། ཕྱི་རྒྱལ་གྱི་ཁ་བསླུས་ཚོགས་པའི་རྫིག་ཉམས་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་རིང་། འབྲེལ་ཡོད་ཉེས་བསགས་དོན་དངོས་དང་དཔང་རྟགས་ཤེས་རྟོགས་བྱུང་བའི་རྨང་གཞིའི་ཐོག སྤྱི་བདེ་པུས་ལས་དོན་ཚོགས་ཆུང་མངགས་ནས་འབར་མའི་ཉེན་རྟོག་ཕྱོགས་ལ་གཞོགས་འདེགས་ཀྱིས་ཏ་ཆི་ལིའི་ས་ཁུལ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་(བྲོས་བྱོལ་དུ་སོང་བའི་མི་46ཚུད་པ)497བདེ་བླག་ངང་འཛིན་བཟུང་བྱས་པ་མ་ཟད། ཉེས་བསགས་ཡོ་བྱད་འབོར་ཆེན་ཞིག་གཞུང་བཞེས་བཏང་བ་དང་རྡུང་རྡེག་བཏང་འབྲས་སྔར་བས་རྒྱ་ཆེར་བཏང་ཡོད།

     སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས། དེ་ནི་ད་ལོ་འབར་མའི་ཉེན་རྟོག་ཕྱོགས་ཀྱིས་རང་རྒྱལ་ལ་རྩིས་སྤྲད་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་དོགས་ཡོད་མི་སྣ་ཁག་དང་པོ་དེ་རེད། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་ཉེན་རྟོག་ལས་དོན་གྱི་ཁྲིམས་འཛིན་མཉམ་ལས་མུ་མཐུད་གཏིང་ཟབ་གཏོང་བ་དང་། མཉམ་འབྲེལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ། རྒྱལ་མཚམས་ལས་སྒྲོལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་ཐོན་མང་བའི་རྣམ་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་བསགས་པ་དང་ལྷག་པར་དུ་མངའ་ཁོངས་ཕྱི་རོལ་དུ་གབ་པའི་འབྲེལ་ཡོད་མི་སྣར་དུས་བབ་གསལ་རྟོགས་དང་གཡང་སར་རྟ་ཁ་འགོག་པའི་དཔེ་ལྟར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དེ་བཞིན་འབྲེལ་ཡོད་ཉེས་བསགས་བྱ་སྤྱོད་འཕྲལ་མར་སྤེལ་མཚམས་བཞག་ཏེ། གང་མགྱོགས་རྒྱལ་ནང་དུ་ཕྱིར་ལོག་ནས་རང་ཉེས་ངོས་ལེན་ཞུ་བ་དང་ཐག་གཅོད་གུ་ཡངས་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ད་ལོ་ཁག་དང་པོའི་འབར་མའི་བྱང་རྒྱུད་ཀྱི་ཉེས་གསོག་པ་497འཛིན་བཟུང་བྱས་པ།

འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དང་འབྲེལ་ཡོད་ལ་མུ་མཐུད་རྡུང་རྡེག་ཤུགས་ཆེན་གཏོང་ཆེད།