ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ཀྱི་མཉམ་སྡེབ་12དང་མི་སྒེར་12ལ་གཟེངས་བསྟོད་ཐོབ་འདུག

2024-02-27 14:46:00     责编:卓玛才让

སྤྱི་ཟླ་2ཚེས་26ཉིན།

འཕྲལ་སྒྲུབ་དོ་དམ་པུས།

༼རྒྱལ་ཡོངས་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་བཤེར་ཐེངས་

དང་པོའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་

བྱ་ཡུལ་སྤྱི་བསྒྲགས༽ཞེས་པ་ཡོངས་བསྒྲགས་བྱས་པའི་ནང་།

བོད་ལྗོངས་ཀྱི་མཉམ་སྡེབ་12དང་

མི་སྒེར་12གཟེངས་བསྟོད་བྱ་ཡུལ་ཁོངས་སུ་ཚུད་འདུག

 

སྔོན་ཐོན་མཉམ་སྡེབ་གྲས་སུ།

 

  • བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཁྲུའུ།

  • བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་བཤེར་ཐེངས་དང་པོའི་ཆེད་དོན་ལས་དོན་ཚོ་ཆུང་གཞུང་ལས་ཁང་།

  • བོད་རང་སྐྱོང་ལྗོངས་འཕྲལ་སྒྲུབ་དོ་དམ་ཐིང་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ས་གཤིས་གནོད་འཚེ་རོགས་སྐྱོབ་ཁྲུའུ།

  • བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུད་གནམ་གཤིས་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་བཤེར་ལག་རྩལ་ཚོ་ཆུང་།

  • བོད་རང་སྐྱོང་ལྗོངས་ས་ཡོམ་ཅུད་སྤྱི་པའི་ཞབས་ཞུ་ལྟེ་གནས།

  • བོད་རང་སྐྱོང་ལྗོངས་ས་གཤིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས།

  • བོད་རང་སྐྱོང་ལྗོངས་གཞུང་ལམ་བྱ་གཞག་གོང་འཕེལ་དང་འཕྲལ་སྒྲུབ་འགན་སྲུང་ལྟེ་གནས་འཕྲལ་སྒྲུབ་འགན་སྲུང་ཁྲུའུ།

  • བོད་རང་སྐྱོང་ལྗོངས་ཆུ་བེད་གློག་ཤུགས་འཆར་འགོད་རྩད་ཞིབ་ཇུས་འགོད་ཁང་ཆུ་གཤིས་ཁོར་ཡུག་དཔྱད་དཔོག་ཆུ་སྲུང་ཁྲུའུ།

  • བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་།

  • ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུད་ལས་སྒོ་གོང་འཕེལ་ཁོའོ།

  • མངའ་རིས་ས་ཁུལ་འཕྲལ་སྒྲུབ་དོ་དམ་ཅུད་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་གནོད་འཚེ་འགོག་བཅོས་ཁོའོ།

  • ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒྱལ་ཡོངས་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་བཤེར་ཐེངས་དང་པོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཅས་སོ། །

 

གཟེངས་བསྟོད་བྱ་ཡུལ་མི་སྒེར་གྱི་ཁོངས་སུ།

 

  • ལེའུ་ཧྥོང་། བོད་རང་སྐྱོང་ལྗོངས་འཕྲལ་སྒྲུབ་དོ་དམ་ཐིང་ཚན་རྩལ་དང་ཆ་འཕྲིན་ཅན་ཁྲུའུ་རིམ་པ་གསུམ་པའི་ཀྲུའུ་རེན་ཁོའོ་ཡོན།

  • བཀྲ་ཤིས། ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ས་གཤིས་རྩད་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན།

  • བསོད་ནམས་བཟང་པོ། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུད་ཆུ་ལོག་ཐན་སྐྱོན་འགོག་སྲུང་ཁོའོ་ཡི་ལས་བྱེད་པ།

  • ཝུ་ཝུན་ཅོན། ཆབ་མདོ་གྲོང་ཁྱེར་འཕྲལ་སྒྲུབ་དོ་དམ་ཅུད་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ས་གཤིས་གནོད་འཚེ་རོགས་སྐྱོབ་ཁོའོ་ཡི་ཁོའོ་ཀྲང་།

  • ཉི་མ་གསལ་སྒྲོན།  ཉིང་ཁྲི་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ས་གཤིས་རྩད་ཞིབ་དང་གཏེར་ཁུངས་གསོག་ཚད་དོ་དམ་ཁོའོ་ཡི་ཁོའོ་ཀྲང་།

  • ལི་ཅི་ཧུང་། ནག་ཆུ་གྲོང་ཁྱེར་གནམ་གཤིས་ཅུད་གནམ་གཤིས་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ།

  • ཚེ་རིང་ཀུན་འཕེལ། ནག་ཆུ་གྲོང་ཁྱེར་ནགས་ལས་རྩ་ཐང་ཅུད་ནགས་ཚལ་རྩ་ཐང་མེ་ཟོན་ཁོའོ་ཡི་ཁོའོ་ཀྲང་།

  • ལེའུ་ལེ། ལྷོ་ཁ་གྲོང་ཁྱེར་འཕྲལ་སྒྲུད་དོ་དམ་ཅུད་བདེ་འཇགས་ཐོན་སྐྱེད་རྨང་གཞི་ཁོའོ་ཡི་ཁོའོ་ཀྲང་།

  • བསོད་ནམས་ཟླ་བ།  གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུད་གནམ་གཤིས་ལས་ཁུངས་ཀྱི་འགོ་འཛིན།

  • ཝུའུ་ཧྥང་ཀྲའུ། གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་གཞུང་ལམ་བདག་སྐྱོང་དོ་དམ་ཁོའོ་ཡི་ཁོའོ་ཀྲང་།

  • ཐན་ཞི་ཕེའོ། མངའ་རིས་ས་ཁུལ་རང་བྱུང་ཐོན་ཁུངས་ཅུད་ཀྱི་མཐོ་རིམ་བཟོ་སྐྲུན་དབུ་ཆེན།

  • བཀྲ་རྡོར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གནམ་གཤིས་ཅུད་རིམ་པ་བཞི་པའི་ཀྲུའུ་རིན་ཁོའོ་ཡོན་བཅས་སོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་མཉམ་སྡེབ་12དང་མི་སྒེར་12ལ་གཟེངས་བསྟོད་ཐོབ་འདུག

༼རྒྱལ་ཡོངས་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་བཤེར་ཐེངས་དང་པོའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱ་ཡུལ་སྤྱི་བསྒྲགས༽ཞེས་པ་ཡོངས་བསྒྲགས་བྱས་པའི་ནང་།