ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཉིན་8ནང་བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་17ལྷག་ཟིན།

2024-02-19 15:57:00     责编:卓玛才让

     འདས་མ་ཐག་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ངལ་གསོ་ཉིན་བརྒྱད་རིང་། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་204.28ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་300.39%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་17.11ཟིན་པ་དེ་དུས་མཚུངས་ལས་364.95%འཕར་བ་རེད། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་ཡག་པོ་བྱུང་ཡོད་པ་རེད།

     ཡུལ་སྐོར་གྱི་གྲུབ་གཞིར་བལྟས་ཚེ། རྒྱལ་ནང་གི་ཡུལ་སྐོར་ཚོགས་པ་166ཟིན་པ་དང་ཡུལ་སྐོར་བ་གཙོ་བོ་པེ་ཅིང་དང་། ཀྲེ་ཅང་། སི་ཁྲོན་བཅས་ནས་ཡིན་པ་དང་། རྒྱལ་ཕྱིའི་ཡུལ་སྐོར་ཚོགས་པ་130ཟིན་པ་དང་། ཡུལ་སྐོར་བ་གཙོ་བོ་ལྗར་ཕན་དང་། ལྷོ་ཁོ་རེ་ཡ། མ་ལེ་ཞི་ཡ་བཅས་ནས་ཡིན་པ་རེད།

     དེ་དང་ཆབས་ཅིག་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། སྤྱི་ཟླ་2པའི་ཚེས་10ནས་ཚེས་17བར། བོད་ལྗོངས་ཁོངས་གཏོགས་ཀྱི་གནམ་ཐང་ཁག་གིས་གནམ་གྲུ་ལན་གྲངས་1264དང་། ཡུལ་སྐོར་བ་མི་ཐེངས་ཁྲི་14.0914 དངོས་ཟོག་ཏུན་265.6བཅས་ལ་འགན་ལེན་བྱས་པ་དེ་སྤྱི་ལོ་2023ལོའི་དུས་མཚུངས་དང་བསྡུར་ན་ཁག་སོ་སོ་62% 91% 5%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

སྒྲིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཉིན་8ནང་བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་17ལྷག་ཟིན།

འདས་མ་ཐག་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ངལ་གསོ་ཉིན་བརྒྱད་རིང་།