ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྨ་ཆུའི་ཆུ་འགོའི་ཕྲུ་གུ་ཚོས་གུང་གསེང་འདི་ལྟར་རོལ་བ།

2024-01-16 16:53:00     责编:娜科

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནི་རྨ་ཆུའི་ཆུ་འགོའི་ཁུལ་དུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་ཡོད། ས་ཁོངས་ཧྲིལ་པོར་སྤྱི་ལེ་ངོས་གྲུ་ཁྲི་5.2ཡོད་པ་དང་། སྤྱིའི་མི་འབོར་ཁྲི་4.7ལས་མེད་པས། ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཁུལ་ཡིན། ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གཅིག་རྗེས་གཉིས་མཐུད་ངང་དགུན་ཁའི་གུང་གསེང་བཏང་བ་དང་བསྟུན་ནས། ཕྲུ་གུ་ཚོ་སྣ་མང་ཕུན་སུམ་ཚོགས་པའི་གུང་གསེང་གི་འཚོ་བ་སྐྱེལ་འགོ་ཚུགས་ཡོད། ཆུ་དམར་ལེབ་རྫོང་གིས“གཉིས་འཕྲིའི”སྲིད་ཇུས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ནས། ལོ་ཆུང་བྱིས་པའི་ཨ་ཅེ་ལྷ་མོ་ནང་སྦྱོང་དང་རྐང་རྩེད་སྤོ་ལོའི་དགུན་དུས་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ཕྲུ་གུ་ཚོར་སྤྲོ་སྣང་ལྡན་ཞིང་ཕུན་སུམ་ཚོགས་པའི་གུང་གསེང་ཞིག་སྐྱེལ་དུ་བཅུག་ཡོད།

 

 

མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གཡུ་གཞུང་གྲོང་རྡལ་ལྟེ་གནས་བཅའ་སྡོད་སློབ་གྲྭའི་སློབ་མ་ཨོ་རྒྱན་རྡོ་རྗེས་ཁྱིམ་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་ཅིང་། ཆུ་དམར་ལེབ་རྫོང་གཞོན་ནུའི་སྦྱོང་བརྡར་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས། མི་རིང་བར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་པེ་ཧའེ་གྲོང་ཁྱེར་དུ་བསྐྱོད་ནས་སྤོ་ལོའི་རུ་ཁག་གི་དགུན་དུས་སྦྱོང་བརྡར་ནང་ཞུགས་རྒྱུ་རེད།

 

མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཤང་བཅའ་སྡོད་སློབ་ཆུང་གི་སློབ་མ་སྒྲོལ་མ་སྐྱབས་དང་རོགས་ཟླ་ཚོས་རྐང་རྩེད་སྤོ་ལོ་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

 

མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་བཅའ་སྡོད་སློབ་གྲྭའི་སློབ་མ་བཀྲ་ཤིས་རྡོ་རྗེས་རོགས་ཟླ་དང་མཉམ་དུ་རྩེད་མོ་རྩེ་བ།

 

མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མ་ཉི་མ་དར་རྒྱས་ཀྱིས་རྫོང་རིག་གནས་ཁང་དུ་ན་ཆུང་བྱིས་པའི་ཨ་ཅེ་ལྷ་མོ་ནང་སྦྱོང་བྱེད་བཞིན་པ།

 

མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མ་བསྟན་འཛིན་བདེ་སྐྱིད་ཀྱིས་ཁྱིམ་དུ་གཅུང་མོར་བྱིས་སྒྲུང་ཤོད་པ།

 

ཕྲུ་གུ་ཚོས་མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་རིག་གནས་ཁང་དུ་ན་ཆུང་བྱིས་པའི་ཨ་ཅེ་ལྷ་མོ་ནང་སྦྱོང་བྱེད་བཞིན་པ།

 

ཕྲུ་གུ་ཚོས་མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཤང་རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་བཞིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྨ་ཆུའི་ཆུ་འགོའི་ཕྲུ་གུ་ཚོས་གུང་གསེང་འདི་ལྟར་རོལ་བ།

མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གཡུ་གཞུང་གྲོང་རྡལ་ལྟེ་གནས་བཅའ་སྡོད་སློབ་གྲྭའི་སློབ་མ་ཨོ་རྒྱན་རྡོ་རྗེས་ཁྱིམ་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་ཅིང་།