ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ཀྲུང་གོའི་མྱུར་བགྲོད་མི་མེད་གནམ་གྲུ་ཏི་པའེ་རུ་འགྲེམས་སྟོན་བྱས།

2023-11-17 14:33:00     责编:娜科

ཉེ་ཆར། ཏི་པའེ་རུ་གཉེར་བའི་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམས་སྟོན་ཐོག་ཀྲུང་གོའི་ཐོན་གསར་པའི་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུར་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་པ་དང་། མི་མེད་གནམ་གྲུ་དེས་ཁྱད་འཕགས་ཀྱི་ནུས་པ་དང་གསར་གཏོད་ཀྱི་ཇུས་འགོད་ལ་བརྟེན་ནས་མེ་ཤུགས་འཕུར་མདའི་མེ་སྒྱོགས་ལ་གཤོག་སྒྲོ་བསྒར་བ་ལྟར་ཀྲུང་གོའི་དམག་དོན་ཚན་རྩལ་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད།

 

 

 

ཤེས་རྟོགས་བྱུང་བར་གཞིགས་ན། མིང་ལ་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུ་དེ་ནི་ཀྲུང་གོས་རང་བརྟེན་ངང་ཞིབ་བཟོ་བྱས་པའི་ཐོན་གསར་པའི་མི་མེད་མྱུལ་ཞིབ་གནམ་གྲུ་ཞིག་ཡིན་པ་དང་། དེའི་ཁྱད་ཆོས་ཆེ་ཤོས་ནི་མགྱོགས་པ་དང་ཐག་རིང་པོ་འཕུར་ཐུབ་པ། མྱུལ་ཞིབ་ཀྱི་ནུས་པ་ཆེ་བ་བཅས་ཡིན་པ་རེད། གཞན་ཡང་ད་དུང་མི་མེད་གནམ་གྲུ་དེ་ཆུ་ཚོད་ཕྱེད་ཀའི་ནང་སྤྱི་ལེ་300སར་འཕུར་ནས་དམིགས་ཚད་ལ་མྱུལ་ཞིབ་དང་དམིགས་ས་གཏན་འཁེལ་བྱེད་པ་སོགས་ཀྱི་ལས་འགན་བསྒྲུབ་ཐུབ་ཀྱི་ཡོད་པ་རེད། མྱུར་བགྲོད་མི་མེད་གནམ་གྲུ་དེའི་རིགས་ཐོན་སྐྱེད་བྱས་པ་དེས་ཀྲུང་གོའི་མེ་ཤུགས་འཕུར་མདའི་མེ་སྒྱོགས་ལ་རམས་འདེགས་དེ་བས་ཆེ་བ་མཁོ་འདོན་བྱས་ཡོད།

མཁའ་འགྲུལ་འགྲེམས་སྟོན་གྱི་ས་ཡུལ་དངོས་སུ། ཀྲུང་གོའི་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུས་ངོ་མཚར་ཆེ་བའི་འཕུར་སྐྱོད་རྩལ་ངོམས་བྱས་ཡོད། མི་མེད་གནམ་གྲུ་དེས་སྐར་མ་ཁ་ཤས་ནང་སྤྱི་ལེ་300སར་གྱི་དམིགས་ཚད་ས་ཁོངས་སུ་འཕུར་སྐྱོད་བྱས་པ་མ་ཟད། མྱུལ་ཞིབ་དང་དམིགས་ས་གཏན་འཁེལ་སོགས་ཀྱི་ལས་འགན་ལེགས་བསྒྲུབས་བྱས་ཡོད། ཐེངས་འདིའི་འཁྲབ་སྟོན་གྱིས་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུའི་གཟེངས་སུ་ཐོན་པའི་ནུས་པ་དང་ལས་ཆོད་མཐོ་བའི་དམག་འཐབ་ནུས་པ་གང་ལེགས་མངོན་པར་བྱས་ཡོད།

རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུ་དེ་བདེ་བླག་ངང་ཞིབ་འཇུག་གསར་སྤེལ་ཐུབ་པ་དེ་ནི་ཀྲུང་གོས་མི་མེད་གནམ་གྲུའི་ལག་རྩལ་ཁྱབ་ཁོངས་ནང་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་བཏང་བ་ལས་བྱུང་བའི་གྲུབ་འབྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མི་མེད་གནམ་གྲུའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བཟང་པོ་ཐོབ་ནས་དམངས་སྤྱོད་མཁའ་འགྲུལ་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཐུབ་པ་མ་ཟད། དམག་དོན་ཁྱབ་ཁོངས་སུའང་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། ཐེངས་འདིའི་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུ་དེ་ཏི་པའེ་མཁའ་འགྲུལ་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པ་དེའི་ཐོག་ནས་མི་མེད་གནམ་གྲུའི་ལག་རྩལ་ཁྱབ་ཁོངས་ཁྲོད་ཀྲུང་གོའི་སྔོན་ཐོན་གྱི་གནས་བབ་སླར་ཡང་ར་སྤྲོད་ཐུབ་ཡོད།

 

 

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུས་མ་འོངས་པར་དམག་དོན་ནང་སྦྱོང་དང་དངོས་འཐབ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་ཡིན་པ་རེད། དེས་མེ་སྒྱོགས་ལ་དུས་ཐོག་ཏུ་ཡང་དག་པའི་དམིགས་འབེན་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་ཐུབ་ནས་མེ་སྒྱོགས་ཀྱི་དམིགས་ས་བཏོར་བའི་ཚད་གཞི་མཐོ་རུ་དང་ཕན་འབྲས་མཐོར་འདེགས་སུ་གཏོང་ཐུབ། དེ་དང་ཆབས་ཅིག མྱུར་བགྲོད་མི་མེད་གནམ་གྲུས་ད་དུང་གཡུལ་སར་མྱུལ་ཞིབ་དང་ལྟ་ཞིབ། འཕྲིན་གཏོང་སོགས་ཀྱི་ལས་འགན་བསྒྲུབས་ནས་ས་ངོས་དཔུང་སྡེར་རྒྱབ་སྐྱོར་ནུས་ལྡན་བྱེད་ཐུབ། མདོར་ན། ཀྲུང་གོའི་རྒྱང་མེ་ཞེས་པའི་ཐོན་གསར་པའི་མྱུར་བགྲོད་མི་མེད་གནམ་གྲུ་ཏི་པའེ་མཁའ་འགྲུལ་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པ་དེའི་ཐོག་ནས་ཀྲུང་གོའི་དམག་དོན་ཚན་རྩལ་གྱི་སྟོབས་ཤུགས་ཆེན་པོ་དང་གསར་གཏོད་ནུས་པ་མངོན་པར་བྱས་ཡོད། མྱུར་བགྲོད་མི་མེད་གནམ་གྲུ་དེ་རྒྱལ་ཁའི་ངང་ཞིབ་འཇུག་གསར་སྤེལ་བྱས་པ་དེས། མ་འོངས་པའི་ཀྲུང་གོའི་དམག་དོན་གོ་མཚོན་སྒྲིག་ཆས་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱ་ཐུབ་རྒྱུ་མ་ཟད། ཀྲུང་གོའི་དམག་དཔུང་དེང་རབས་ཅན་གྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཡང་རམ་འདེགས་ནུས་ལྡན་བྱ་ཐུབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་དབང་། ཚེ་ཕུན།

ཡིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

ཕུའུ་ཅིང་གིས་མིང་རྟགས་འགོད་ཐག་བཅད་དེ་ཁོང་ཨ་རིར་འཚམས་འདྲིར་མངགས།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རྒྱུའི་ཆོད་དོན་ལ་མིང་རྟགས་བཀོད་པ་རེད།

中央广播电视总台 央广网 版权所有

▶ཀྲུང་གོའི་མྱུར་བགྲོད་མི་མེད་གནམ་གྲུ་ཏི་པའེ་རུ་འགྲེམས་སྟོན་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་རྒྱང་མེ་ཞེས་པའི་མྱུར་བགྲོད་མི་མེད་གནམ་གྲུས་མ་འོངས་པར་དམག་དོན་ནང་སྦྱོང་དང་དངོས་འཐབ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་ཡིན་པ་རེད།