ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཇོ་རིར་འཛེཊ་པའི་གོ་སྐབས་བསྐྱུར།། མི་སྲོག་བསྐྱབས་ནས་བྱས་རྗེས་བཞག།

2023-05-30 15:43:00     责编:桑吉卓玛

ཇོ་རིར་འཛེཊ་པའི་གོ་སྐབས་བསྐྱུར།། མི་སྲོག་བསྐྱབས་ནས་བྱས་རྗེས་བཞག།

 

 

       ནེ་པ་ལའི་དུས་ཚོད་2023ལོའི་ཟླ་5ཚེས་18ཉིན་གྱི་ཆུ་ཚོད་9དང་སྐར་མ་11ཐོག ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་གི་རུ་མི་མང་པོ་ཞིག་གིས་སྔ་རྗེས་སུ་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་འཛེགས་པ་དང་། ལྷོ་ངོས་ནས་ཇོ་རིའི་རྩེ་མོར་འཛེགས་པའི་ཀྲུང་གོའི་ཞིང་ཆེན་རིམ་པའི་རི་འཛེགས་རུ་ཁག་དང་པོར་གྱུར། མིག་སྔར་ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་ཁྲང་ཧྲ་རུ་ཕྱིར་ལོག་བྱས་ཡོད།

       2023ལོའི་ཟླ་4ཚེས་7ཉིན་ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་གི་རུ་མི་8དང་དེ་བཞིན་མཉམ་དུ་པར་ལེན་བྱེད་མཁན་1བཅས་ཁྲང་ཧྲ་ནས་རྡོག་ཐོན་གྱིས་2023ལོར་ཇོ་རིར་འཛེགས་འགོ་ཚུགས་པ་རེད། ཟླ་5ཚེས་18ཉིན་ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་དེ་Aདང་B་ཁག་གཉིས་སུ་དབྱེ་ནས་འཛེགས་འགོ་ཚུགས་ཤིང་། Aརུ་ཁག་གི་རུ་མི་གསུམ་པོས་སྔ་རྗེས་སུ་ས་བབ་མཐོ་ཚད་སྨི་8848.86ཟིན་པའི་ཇོ་མོ་གླང་མའི་ཡང་རྩེར་འཛེགས་ཡོད།

 


 

 

 

       ནེ་པ་ལའི་དུས་ཚོད་ཟླ་5ཚེས་18ཉིན་གྱི་ཕྱི་དྲོ་ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་གི་རུ་སྣེ་ཁྲིད་མཁན་ཧྥན་ཅང་ཐའོ་དང་རུ་མི་ཞེ་རུའུ་ཞང་གཉིས་ལས་གྲུབ་པའི་རུ་ཁག་Bཡིས་ས་བབས་མཐོ་ཚད་སྨི་8450ཡི་སར་མྱུར་སྐྱོབ་བྱེད་དགོས་པའི་རི་འཛེགས་མཁན་ཞིག་མཐོང་། སྐབས་དེ་དུས་ཇོ་མོ་གླང་མའི་ཡང་རྩེ་དང་བར་ཐག་སྨི་398.86མེད་པས་ཧྥན་ཅང་ཐའོ་དང་ཞེ་རུའུ་ཞང་གི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་སྟབས་རྩེ་མོར་འཛེགས་ཐུབ་རེ་ཡོད། འོན་ཀྱང་སྐབས་དེ་དུས་ཁོང་ཚོར་འཕྲད་པའི་དཀའ་གནད་ནི་མི་སྣ་སྐྱོབ་བམ། ཡང་ན་མུ་མཐུད་རྩེ་མོར་འཛེགས་རྒྱུ་དེ་རེད།

       “འཛམ་གླིང་གི་ཡང་རྩེར་འཛེགས་ནས་ལོ་མང་རིང་གི་བསམ་འདུན་ལེགས་སྒྲུབ་བྱ་རྒྱུ་”དང་“འཆི་ལ་ཉེ་བའི་ཚེ་སྲོག་སྐྱོབ་རྒྱུ་”གཉིས་ལས་ཁོང་ཚོས་རི་རྩེར་མ་འཛེགས་པར་རང་ཉིད་ཀྱི་བདེ་འཇགས་དང་ཉེན་ཁར་མ་འཛེམས་པར་མི་སྣ་སྐྱོབ་རྒྱུའི་ཐག་བཅད།

 

 

 

       ཆུ་ཚོད་བཞི་སོང་རྗེས་ནེ་པ་ལའི་དུས་ཚོད་ཟླ་5ཚེས་19ཉིན་གྱི་ཐོ་རེངས་སུ་ཧྥན་ཅང་ཐའོ་དང་ཞེ་རུའུ་ཞང་གཉིས་ཀྱིས་ཤར་པའི་སྣེ་ཤན་པའི་གཞོགས་འདེགས་འོག་རི་འཛེགས་མཁན་དེ་ས་བབས་མཐོ་ཚད་སྨི་8450ནས་བདེ་འཇགས་ངང་ས་བབས་མཐོ་ཚད་སྨི་7950ཡི་C4སྒར་སར་སྤོས་པ་རེད། ཁོང་གཉིས་པོས་རྩེ་མོར་འཛེགས་རྒྱུའི་འདུན་པ་དོར་ནས་མི་སྣ་སྐྱོབ་པའི་བྱས་རྗེས་དེར་རྒྱལ་ཡོངས་ཀྱི་དྲ་གྲོགས་ཚོས་བསྔགས་བརྗོད་དང་གུས་བཀུར་ཐོབ་ཡོད། ཧུའུ་ནན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཚོགས་པས་ཆེད་མངགས་རྟེན་འབྲེལ་ཞུ་ཡིག་ཕུལ་ནས་ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་ལ་བསྔགས་བརྗོད་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། སྒྲོལ་མ་སྐྱབས།

 

 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཇོ་རིར་འཛེཊ་པའི་གོ་སྐབས་བསྐྱུར།། མི་སྲོག་བསྐྱབས་ནས་བྱས་རྗེས་བཞག།

ནེ་པ་ལའི་དུས་ཚོད་2023ལོའི་ཟླ་5ཚེས་18ཉིན་གྱི་ཆུ་ཚོད་9དང་སྐར་མ་11ཐོག ཧུའུ་ནན་ཞིང་ཆེན་གྱི་རི་འཛེགས་རུ་ཁག་གི་རུ་མི་མང་པོ་ཞིག་གིས་སྔ་རྗེས་སུ་