ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་སུ་མི་11བཟུང་འདུག

2023-05-29 18:39:00     责编:卓玛才让

     ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་དུག་རྫས་ལྐོག་ཚོང་གྱོད་གཞི་ཞིག་རྩད་ཆོད་བྱས་ཡོད། དུག་ཚོང་རྒྱག་མཁན་དོགས་ཡོད་ཉེས་ཅན་པ་1དང་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་མི་10བཟུང་བ་དང་། དོགས་ཡོད་དུག་རྫས་དངོས་པོ་ཐུམ་འགྲིལ་གཉིས་རྩིས་ལེན་བྱས་ཡོད།

     ལྷ་ས་གྲོང་ཁྱེར་དུག་འགོག་ཉིང་ལག་རུ་ཁག་གི་འབྲེལ་ཡོད་གྱོད་སྒྲུབ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཟླ་5ཚེས་9ཉིན་མི་དམངས་ཉེན་རྟོག་པས་ནམ་རྒྱུན་ལས་ཀའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་ག་གེ་མོ་རུ་དུག་འཐེན་མཁན་ཡོད་པའི་ཁུངས་སྣེ་ཤེས་རྟོགས་བྱུང་བ་དང་། དེ་འཕྲལ་མངའ་ཁོངས་ས་ཁུལ་གྱི་མངགས་གཏོང་ཁང་དང་མཉམ་འབྲེལ་བྱས་ནས་བྱ་སྤྱོད་སྤེལ་ཞིང་། རྒྱལ་ཁའི་ངང་དུག་འབྲེལ་མི་སྣ་ཧྥང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་བཟུང་བ་དང་། གཅིན་པར་བརྟག་དཔྱད་བྱས་པར་ཚང་མ་གདགས་གཤིས་སུ་མངོན་ཡོད་པ་རེད། དེ་ནས་ཁུངས་སྣེ་མུ་མཐུད་དུ་སྔོག་འདོན་བྱས་པ་བརྒྱུད། ཆེད་དོན་ཚོགས་ཆུང་གིས་ད་དུང་དུག་ཚོང་རྒྱག་མཁན་མི་1དང་དུག་འབྲེལ་ཁྲིམས་འགལ་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་མི་མང་པོའི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་བ་རེད།

     མྱུལ་ཞིབ་ནན་མོ་དང་བཀོད་སྒྲིག་ཚགས་ཚུད་པ་བྱས་པ་བརྒྱུད། ཆེད་དོན་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱ་སྤྱོད་སྤེལ་བ་དང་། སྤྱི་ཟླ་5ཚེས་19ཉིན་ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་ག་གེ་མོའི་སྒོ་ཁ་ནས་དུག་ཚོང་རྒྱག་མཁན་དོགས་ཡོད་ཉེས་ཅན་པ་ཅང་ཆེ་གེ་མོ་བཟུང་བ་མ་ཟད། ཅང་ཆེ་གེ་མོའི་དོར་ཁུག་ནང་ནས་དོགས་ཡོད་དུག་རྫས་དངོས་པོ་ཐུམ་འགྲིལ་གཉིས་སྔོག་བཤེར་ཐུབ་ཡོད། ཉིན་དེར་སྔ་གཞུག་ཏུ་ལྷ་ས་གྲོང་ཁྱེར་ནས་དུག་འཐེན་མཁན་གྱི་ཁྲིམས་འགལ་དོགས་ཡོད་ཉེས་ཅན་པ་ཁྲེན་ཆེ་གེ་མོ་དང་། ལི་ཆེ་གེ་མོ། སུན་ཆེ་གེ་མོ། ཞུས་ཆེ་གེ་མོ་སོགས་མི་8བཟུང་ཡོད། དེ་རྗེས་མི་དམངས་ཉེན་རྟོག་པས་གོང་བརྗོད་མི་9དུག་འགོག་ཉིང་ལག་རུ་ཁག་ཏུ་འཁྲིད་པ་དང་། གཅིན་པར་བརྟག་དཔྱད་བྱས་པ་བརྒྱུད་ཚང་མ་གདགས་གཤིས་སུ་མངོན་ཡོད་པ་དང་། ཨན་ཧྥེ་ཐ་མིང་ཀ་པའི་གྲུབ་ཆ་འདུས་ཡོད་པ་རེད།

     བརྟག་དཔྱད་དང་འདྲི་གཅོད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པ་ཅང་ཆེ་གེ་མོས་དུག་རྫས་ལྐོག་ཚོང་བརྒྱབ་པའི་ཉེས་བསགས་དོན་དངོས་ཚང་མ་ངོས་ལེན་བྱས་པ་དང་། ཁྲིམས་འགལ་ཡོད་པའི་མི་སྣ་ཧྥང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། སུན་ཆེ་གེ་མོ། ཞུས་ཆེ་གེ་མོ་སོགས་མི་10ཡིས་དུག་འཐེན་པའི་བརྒྱུད་རིམ་ཆ་ཚང་ངོས་ལེན་བྱས་ཡོད་པ་རེད།

     མིག་སྔར། དོགས་ཡོད་ཉེས་ཅན་པ་ཅང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ཁྲིམས་འགལ་བྱ་སྤྱོད་ཡོད་པའི་མི་སྣ་ཧྥང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ། ཁྲེན་ཆེ་གེ་མོ། ལི་ཆེ་གེ་མོ། སུན་ཆེ་གེ་མོ། ཞུས་ཆེ་གེ་མོ་སོགས་མི་10ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད། གྱོད་གཞི་དེ་ད་དུང་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན།

སྒྲིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

བོད་ལྗོངས་སུ་མི་11བཟུང་འདུག

ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་དུག་རྫས་ལྐོག་ཚོང་གྱོད་གཞི་ཞིག་རྩད་ཆོད་བྱས་ཡོད།