ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཀྲུང་གོར་བྱ་དགའ་འདི་ཐོབ་འདུག

2023-05-29 18:37:00     责编:卓玛才让

     སུའེ་ཙེར་གྱི་རི་ནེ་ཝ་རུ་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་76པའི་ཐོག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་26ཉིན་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགོ་ནད་མིན་པའི་གཅོང་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་(བསྡུས་མིང་ལ་གཅོང་ནད་ལྟེ་གནས་ཟེར།)ལ་སྤྱི་ལོ་2023ལོའི་སྤྱི་པའི་འཕྲོད་བསྟེན་བྱ་དགའི་ཁུ་ཝེ་ཐེ་རྒྱལ་ཁབ་ཀྱི་བདེ་ཐང་ཡར་སྐུལ་ཞིབ་འཇུག་གི་བྱ་དགའ་གནང་ཡོད།

     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྱ་དགའ་ཐོབ་མཁན་ངོ་སྤྲོད་བྱེད་སྐབས། གཅོང་ནད་ལྟེ་གནས་ཀྱིས་སྤྱི་ལོ་2013ལོ་ནས་བཟུང་། ཆེད་དུ་རྒན་རྒོན་གྱི་བདེ་ཐང་ལ་མཐོང་ཆེན་བྱེད་པའི་སྡེ་ཚན་ཞིག་བཙུགས་པ་དང་། གཅོང་ནད་ལྟེ་གནས་ཀྱིས་ཇུས་གཞི་དང་བྱེད་སྒོ་རྒྱ་ཆེན་མཁོ་འདོན་བྱས་ཏེ་ཀྲུང་གོའི་རྒན་རྒོན་གྱི་བདེ་ཐང་ལ་ཡར་སྐུལ་བཏང་ཡོད་ལ། དེའི་ཁྲོད་དུ་རྒྱལ་ཡོངས་ཀྱི་འགོ་ནད་མ་ཡིན་པའི་ནད་རིགས་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། མི་ཤི་ཚད་ཐོ་འགོད། ཞིབ་འཇུག་བཅས་བྱས་ནས་ནད་ཕོག་རྐྱེན་དང་ཤི་རྐྱེན་ལ་སྔར་བས་རྒྱུས་ལོན་ཞིབ་མོ་བྱེད་པ། བདེ་ཐང་རྒྱུན་ཤེས་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། དམའ་རིམ་ལུས་ཁམས་བདེ་སྲུང་པ་2000ཡི་ནུས་པ་གསོ་སྐྱོང་བྱེད་པ། ཆེད་དུ་རྒན་རྒོན་ལ་དམིགས་པའི་ཡོ་བྱད་ཁུག་མ་བཟོ་བ་དང་། ཆེད་དུ་རྒན་རྒོན་གྱི་བདེ་ཐང་ལ་དམིགས་པའི་དྲིལ་བསྒྲགས་གཟའ་འཁོར་བཀོད་སྒྲིག་བྱེད་པ། ད་དུང་གྲོང་ཁྱེར་དང་གྲོང་གསེབ་གྱི་རྒན་རྒོན་འབུམ་5ལྷག་གི་སེམས་ཁམས་དང་ཡིད་ཤེས་བདེ་ཐང་ཇེ་ལེགས་སུ་གཏོང་བའི་གསར་གཏོད་རྣམ་གྲངས་སོགས་ཚུད་ཡོད།

     ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གཅོང་ནད་ལྟེ་གནས་དང་མཉམ་དུ་བྱ་དགའ་ཐོབ་མཁན་ལ་ད་དུང་། ལེ་པ་ནོན་གྱི་བུད་མེད་ཚན་རིག་མཁས་ཅན་ཨ་ཕུའུ་ལ་མའེ་ཤིས་ཨའོ་ཤིས་པ་དབྱིའང་ཡོད། ཁུ་ཝེ་ཐེ་རྒྱལ་ཁབ་ཀྱི་བདེ་ཐང་ཡར་སྐུལ་ཞིབ་འཇུག་བྱ་དགའ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཙུགས་པ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་རྒན་རྒོན་གྱི་འཕྲོད་བསྟེན་བདེ་ཐང་ལ་ཡར་སྐུལ་ཞིབ་འཇུག་བྱེད་པའི་ཐད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པའི་མི་སྒེར་དང་། སྒྲིག་གཞི། ཡང་ན་སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ལ་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བཀྲ་ཤིས་བཟང་པོ།

སྒྲིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཀྲུང་གོར་བྱ་དགའ་འདི་ཐོབ་འདུག

སུའེ་ཙེར་གྱི་རི་ནེ་ཝ་རུ་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་76པའི་ཐོག