ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཨེ་ཤ་ཡ་གླིང་གི་ཤིང་སྡོང་རིང་ཤོས་དེ་བོད་ལྗོངས་སུ་འདུག

2023-05-27 15:47:00     责编:桑吉卓玛

ཨེ་ཤ་ཡ་གླིང་གི་ཤིང་སྡོང་རིང་ཤོས་དེ་བོད་ལྗོངས་སུ་འདུག

 

       སྤྱི་ཟླ་5པའི་ཚེས་26ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། པེ་ཅིང་སློབ་གྲྭ་ཆེན་མོས་སྣེ་ཁྲིད་པའི་མཉམ་འབྲེལ་རྟོག་ཞིབ་རུ་ཁག་གིས་ཡར་ཀླུང་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་སྨད་གྲོང་རྡལ་གྱི་ས་ཁོངས་ནང་མཐོ་ཚད་ལ་སྨི་102.3ཟིན་པའི་བོད་ལྗོངས་ཀྱི་ཤུག་སྡོང་ཞིག་ཤེས་རྟོགས་ཐུབ་ཡོད། 

       ཐེངས་འདིའི་ཤེས་རྟོགས་ཀྱིས་ཤིང་རིགས་ལ་གཞིགས་ནས་ཨང་རིམ་བསྒྲིགས་པའི་འཛམ་གླིང་གི་སྡོང་ཤིང་མཐོ་ཤོས་ཀྱི་རེའུ་མིག་གསར་བསྒྲིགས་བྱས་པ་སྟེ། ཨ་རིའི་མཚོ་འགྲམ་གྱི་གསོམ་དམར་ཕུད་ད་ཐེངས་ཀྱི་ཤིང་སྡོང་འདི་འཛམ་གླིང་གི་ཤིང་སྡོང་རིང་ཤོས་ཨང་གཉིས་པར་སླེབས་པ་དང་དུས་མཚུངས་ཨེ་ཤ་ཡ་གླིང་གི་ཟིན་ཐོ་གསར་པ་བཏོད་ནས་མིག་སྔར་ཤེས་རྟོགས་ཐུབ་པའི་ཁྲོད་ཀྱི་ཨེ་ཤ་ཡའི་ཤིང་སྡོང་རིང་ཤོས་དེ་གྱུར་ཡོད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ། 
ཞུ་དག ལྷག་པ། མིག་དམར་རྒྱ་མཚོ། 
སྒྲིག་སྒྱུར། བསྟན་པ་ཚེ་རིང་།

 

 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཨེ་ཤ་ཡ་གླིང་གི་ཤིང་སྡོང་རིང་ཤོས་དེ་བོད་ལྗོངས་སུ་འདུག

སྤྱི་ཟླ་5པའི་ཚེས་26ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། པེ་ཅིང་སློབ་གྲྭ་ཆེན་མོས་སྣེ་ཁྲིད་པའི་མཉམ་འབྲེལ་རྟོག་ཞིབ་རུ་ཁག་གིས་ཡར་ཀླུང་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་སྨད་གྲོང་རྡལ་གྱི་ས་ཁོངས་ནང་མ