ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཀྱི་ཚོཊ་རའི་ཕྱིར......

2023-05-24 16:39:00     责编:桑吉卓玛

ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཀྱི་ཚོཊ་རའི་ཕྱིར......

 

       སྤྱི་ཚེས་23ཉིན། 2023ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་དེ་པེ་ཅིང་དུ་འཚོགས་ཡོད། ཚོགས་རའི་ཕྱི་རོལ་དུ་འཁྲུག་ཆ་དོད་ཅིང་ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་མགྲོན་བསུའི་ཞབས་བྲོ་དང་། བོད་ལྗོངས་ཀྱི་མི་ཆོས་རིག་གནས་དང་རང་བྱུང་ཉམས་འགྱུར་མངོན་པར་བྱེད་པའི་པར་རིས་ལས་གླེང་སྟེགས་མ་འཚོག་གོང་བོད་ལྗོངས་ཀྱི་གོང་འཕེལ་གསར་པ་ཞིག་གཟིགས་མོ་བའི་སྤྱན་ལམ་དུ་བཤམས་ཡོད། ཚོགས་ཞུགས་སྐུ་མགྲོན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་ཆོས་སྒྲོན་གྱིས། ང་ཚོའི་དགོན་སྡེ་དང་། སྡེ་ཁུལ། གཞི་རིམ་བཅས་ཀྱི་ལས་དོན་པའི་པར་མཐོང་སྐབས་ང་རང་ཡང་དང་བླངས་པ་ཞིག་བྱས་ནས། ཚོགས་ཞུགས་སྐུ་མགྲོན་ལ་ང་ཚོའི་འཚོ་བ་ངོ་སྤྲོད་བྱེད་འདོད་འདུག་ཅེས་གསུངས་པ་རེད། 

 

 

       ཉིན་དེར། འཛམ་གླིང་ས་གནས་ཁག་གི་ཚོགས་ཞུགས་སྐུ་མགྲོན་ཚོགས་འདུར་མ་ཞུགས་གོང་། དང་ཐོག་བོད་ཆས་གྱོན་པའི་མགྲོན་བསུའི་དཔུང་ཁག་གིས་བོད་བྲོ་འཁྲབ་ནས་དགའ་བསུ་ཞུས་ཡོད། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་ཨ་ཧྥེ་རི་ཁ་སློབ་གླིང་གི་སུའོ་མ་ལིའི་དགེ་རྒན་དབྱི་སི་མན་གྱིས། ཞབས་བྲོ་དཔེ་མི་སྲིད་པས་ཡག་པོ་འཁྲབ་ཀྱི་འདུག ཀྲུང་གོའི་ས་གནས་ཁག་དང་མི་རིགས་ཁག་གི་རིག་གནས་མི་འདྲ་བ་མིག་ལམ་དུ་འཆར་དུས། ཀྲུང་གོ་ནི་ཡངས་ཤིང་རྒྱ་ཆེ་ལ་ཁོང་ཡངས་རང་བཞིན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། རིག་གནས་ཀྱི་སྣ་མང་རང་བཞིན་ཤུགས་ཆེན་ལྡན་པའི་མྱོང་ཚོར་ཟབ་མོ་ཞིག་སྟེར་གྱི་འདུག་ཅེས་གསུངས་པ་རེད། 

       ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕོར་ཐིའུ་ཀལ་སྐད་ཡིག་པུའི་རྩོམ་སྒྲིག་པ་ཏི་ཨའེ་ཀེས། ཉེ་ཆར་བོད་ལྗོངས་སུ་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་རིང་ཞབས་བྲོ་འདི་རིགས་ལ་བལྟས་པ་ཡིན། འཁྲབ་སྟོན་པ་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་གར་ལ་རོལ་བ་དེར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཞིང་། དེའི་ཁྲོད་ལས་འབྲི་གཡག་གི་ཞབས་བྲོ་འཁྲབ་མཁན་ནི་དེ་བས་སྤྲོ་སྣང་ལྡན་པ་ཞིག་འདུག་ཅེས་བརྗོད།

 

 

       གནས་ཚུལ་དངོས་མཚོན་གློག་བརྙན་གྱི་འཁྲབ་ཁྲིད་པ་གྲགས་ཅན། གོ་ལ་ཧྲིལ་པོ་ཅན་གྱི་རིག་མཛོད་(CCG)ཀྱི་མཐོ་རིམ་ཞིབ་འཇུག་པ་ལུང་ཨན་ཀྲེ(Lawrence Brahm)ཡིས་བོད་ལྗོངས་དང་འབྲེལ་བའི་དངོས་མཚོན་གློག་བརྙན་མང་པོ་བརྙན་དུ་བླངས་མྱོང་བས་བོད་ལྗོངས་ཀྱི་སྒྱུ་རྩལ་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས། རང་ཉིད་ཀྱི་བརྩམས་ཆོས་ནང་བོད་ལྗོངས་ཀྱི་རོལ་དབྱངས་འབོར་ཆེན་སྤྱད་པ་དང་འབྲེལ་ཉམས་འགྱུར་གསར་པ་ཡང་འདྲེས་ཡོད། མགྲོན་བསུའི་མཛད་སྒོའི་ཐོག་གི་མི་རིགས་རོལ་དབྱངས་དང་ཞབས་བྲོས་རང་ཉིད་ལ་བརྩེ་བ་ཟབ་མོ་ཞིག་སྟེར་བ་མ་ཟད་སེམས་འགུལ་ཆེན་པོ་ཡང་ཐེབས་བྱུང་ཞེས་གསུངས།

 

 

       གླེང་སྟེགས་ཀྱི་ཚོགས་རའི་ཕྱི་རོལ་གྱི་པར་རིས་ཁག་ལས་བོད་ལྗོངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་། ས་མཐོའི་དལ་ཅག་གི་རང་བྱུང་ཡུལ་ལྗོངས། བོད་ལྗོངས་ཀྱི་གྲངས་གཞི་གསར་པའི་ཐོན་ལས་གོང་འཕེལ་གྱི་གྲུབ་འབྲས། དེ་བཞིན་རྒྱལ་སྤྱིའི་འགྲན་བསྡུར་དང་རྒྱལ་སྤྱིའི་སྤེལ་རེས་བྱེད་སྒོ་བོད་ལྗོངས་སུ་སྤེལ་ཚུལ་སོགས་མངོན་པར་བྱས་ཡོད། འདྲ་པར་གྱང་གི་དཀྱིལ་དུ་ཤེལ་སྒྲོམ་ཁ་ཤས་ནང་ཆིང་རྒྱལ་རབས་ཀྱི་གོང་མས་ཏཱ་ལའི་བླ་མར་བསྩལ་བའི་འཇའ་ས་དང་གསེར་ཐམ་བཤམས་འདུག གཞན་ཡང་འགྲེམས་སྟེགས་ཁག་གི་ཐོག་ཚོན་མདོག་རྣམ་པར་བཀྲ་བའི་བོད་བཟོའི་རས་ཆ་དང་། ཤོག་བུའི་སྒྱུ་རྩལ་གྱི་རིག་གནས་གསར་གཏོད་ཐོན་རྫས། བོད་སྤོས། ཇ་བསྲུབས་མ་སོགས་བཀོད་སྒྲིག་བྱས་ཡོད། ད་དུང་བོད་རིགས་སྒྱུ་རྩལ་པས་ས་གནས་ས་ཐོག་ཏུ་བོད་ཡིག་ཡིག་གཟུགས་གསར་རྩོམ་དང་ཐང་ག་འབྲི་བཞེངས་སོགས་བྱེད་ཀྱི་ཡོད། གླེང་སྟེགས་མ་འཚོག་གོང་། ཚོགས་ཞུགས་སྐུ་མགྲོན་མང་པོ་ཞིག་གིས་ཚོགས་རའི་ཕྱི་རོལ་དུ་གཟིགས་སྐོར་དང་། པར་རྒྱག ཉམས་ལེན་བཅས་བྱེད་ཀྱི་ཡོད།

 

 

       དབྱི་སི་མན་གྱིས་གསར་འགོད་པར་ཁོང་གིས་གློག་བརྙན་འགྲེམས་སྟོན་ཐོག་བླངས་པའི་པར་རིས་ཤིག་བསྟན་པ་སྟེ། ལྷ་སའི་སྡེ་ཁུལ་ཞིག་ཏུ་རྒྱ་རིགས་དང་ཧུའེ་རིགས་སོགས་མི་རིགས་མི་འདྲ་བའི་ཁྱིམ་མཚེས་རྣམ་པས་མཉམ་དུ་བོད་རིགས་བགྲེས་སོང་བཀྲ་ཤིས་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་གི་ཡོད། དབྱི་སི་མན་གྱིས་མི་རིགས་མི་འདྲ་བ་དང་ཆོས་དད་མི་འདྲ་བའི་གྲོང་མི་མཉམ་འཛོམས་དེས་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས། གློག་བརྙན་འགྲེམས་སྟོན་ལ་གཟིགས་སྐབས་ཁྱེད་ཀྱིས་འདྲ་པར་ནང་ནས་མང་ཚོགས་ཀྱིས་འཚོ་བར་བློ་ཡིད་ཚིམ་པོ་བྱེད་པ་མཐོང་ཐུབ། ཉིན་དེར་དབྱི་སི་མན་གྱིས“བོད་ལྗོངས་ཀྱི་གོང་འཕེལ་གསར་པ་དང་གོ་ལ་ཧྲིལ་པོའི་གོ་སྐབས་གསར་པའི”བརྗོད་དོན་གཙོ་བོའི་གྲོས་བསྡུར་ནང་ཞུགས་རྒྱུ་ཡིན་ཞིང་། ཁོང་གིས། “གོང་སྤེལ་”ཡང་ངའི་རྒྱལ་ཁབ་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད་ཅེས་གསུངས།

 

 

       སྐལ་བཟང་ཆོས་སྒྲོན་གྱིས། པེ་ཅིང་དུ་འགྲེམས་དངོས་དེ་དག་མཐོང་སྐབས་བརྩེ་ཟབ་མོ་ཞིག་ཚོར་གྱི་འདུག་ཅེས་གསུངས། ཁོང་གིས་པར་རེ་རེ་རྒྱག་ས་སྤྱིར་ན་ངོ་ཤེས་ཡོད་ལ། གཟུགས་བརྙན་མང་པོ་ཞིག་ལས་བོད་ལྗོངས་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་རྗེས་ཀྱི་བདེ་སྐྱིད་ཀྱི་རྣམ་པ་དང་། དེ་བཞིན་ཁོང་དང་འདྲ་བའི་གཞི་རིམ་ལས་དོན་པའི་རྒྱུན་གཏན་གྱི་ལས་ཀའི་གནས་ཚུལ་ཡང་མངོན་གྱི་འདུག་ཅེས་གསུངས། ད་རེས་ཚོགས་འདུར་ཞུགས་སྐབས། ཁོང་གིས་བོད་ལྗོངས་ཀྱི་གཞི་རིམ་བཅོས་སྐྱོང་ལ་དམིགས་ནས་གཏམ་བཤད་སྤེལ་རྩིས་ཡོད་པ་དང་། རང་ཉིད་ཀྱི་ཉམས་མྱོང་ངོ་མའི་ཐོག་ནས་བོད་ལྗོངས་ཀྱི་གོང་འཕེལ་དང་འགྱུར་ལྡོག་གླེང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཀྱི་ཚོཊ་རའི་ཕྱིར......

སྤྱི་ཚེས་23ཉིན། 2023ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་དེ་པེ་ཅིང་དུ་འཚོགས་ཡོད། ཚོགས་རའི་ཕྱི་རོལ་དུ་འཁྲུག་ཆ་དོད་ཅིང་ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་མག