ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྒོར་ཁྲི་90ལྷག་མགོ་སྐོར་བཏང་འདུག བོད་ལྗོངས་ནས་ཁང་པ་ཉོ་མཁན་ཚོས...

2023-05-20 17:02:00     责编:桑吉卓玛

སྒོར་ཁྲི་90ལྷག་མགོ་སྐོར་བཏང་འདུག བོད་ལྗོངས་ནས་ཁང་པ་ཉོ་མཁན་ཚོས...

 

 

       ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་མྱུལ་ཞིབ་ནན་ཏན་བྱས་ཏེ་ཁ་བསླུས་བརྒྱབ་པའི་གྱོད་གཞི་ལྔ་རྩད་ཆོད་ཡོད་པ་རེད།

 

 

       སྤྱི་ཟླ་3ཚེས་29ཉིན་གྱི་ཆུ་ཚོད་16ཙམ་ལ་བློ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ཏེ། སྤྱི་ལོ་2022ལོའི་ཟླ་11ཚེས་23ཉིན་རང་ཉིད་ཀྱིས་མེ་ཆེ་གེ་མོའི་ལག་ནས་ཁང་པ་ཉོས་པ་དང་། མེ་ཆེ་གེ་མོར་ཁང་པའི་ཐོག་མའི་འཇལ་དངུལ་སྒོར་250000སྤྲད་ཟིན་ཁར། གན་རྒྱ་གཞིར་བཟུང་མེ་ཆེ་གེ་མོས་སྤྱི་ལོ་2023ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་ཁང་པ་རྩིས་སྤྲོད་དགོས་ཀྱང་མེ་ཆེ་གེ་མོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་བ་དང་། རྐང་བཙུགས་ཏེ་ཁང་པ་རྩིས་སྤྲོད་པའི་དུས་ཚོད་ནར་འགྱངས་བྱས་པ་མ་ཟད་རྟག་ཏུ་འབྲེལ་བ་བྱེད་ཐུབ་ཀྱི་མིན་འདུག་ཅེས་བརྗོད་པ་རེད། 

       སྤྱི་ཟླ་3ཚེས་30ཉིན་འཇམ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ནས་སྤྱི་ལོ་2022ལོའི་ཟླ་7པའི་ཟླ་འགོར་རང་ཉིད་ཀྱིས་མེ་ཆེ་གེ་མོའི་ལག་ནས་ཁང་པ་ཉོས་པ་དང་། མེ་ཆེ་གེ་མོར་ཐེངས་ལྔ་བྱས་ནས་སྒོར་25000སྤྲད་ཡོད་མོད། མེ་ཆེ་གེ་མོས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ཐུག་འཕྲད་མ་བྱས་པ་དང་དེ་རྗེས་མེ་ཆེ་གེ་མོར་འབྲེལ་གཏུག་བྱེད་ཐབས་མེད་པར་གྱུར་སོང་ཞེས་བརྗོད་པ་རེད།

       ཟླ་5ཚེས་9ཉིན་བསྟན་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་པར་སྤྱི་ལོ་2021ལོའི་ཟླ་6ཚེས་25ཉིན་རང་ཉིད་ཀྱིས་མེ་ཆེ་གེ་མོའི་ལག་ནས་ཁང་པ་ཉོས་པ་དང་། མེ་ཆེ་གེ་མོར་སྒོར་415800སྤྲད་པ་ཡིན། དེ་རྗེས་ཕ་རོལ་པོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་ཡུན་རིང་ཁང་པ་རྩིས་སྤྲད་མེད་པ་རེད། དེ་རྗེས་ཁོང་མོས་མཁོ་འདོན་བྱས་པའི་ཁང་པའི་ལག་ཁྱེར་དེ་འབྲེལ་ཡོད་སྡེ་ཚན་གྱིས་ལག་ཁྱེར་རྫུན་མ་ཡིན་པར་བདེན་དཔང་ར་སྤྲོད་ཐུབ་རྗེས་གྱོད་དོན་སྙན་སེང་ཞུས་པ་རེད།

       གྱོད་དོན་སྙན་སེང་འབྱོར་རྗེས་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཉེན་རྟོག་པ་ཧྲག་སྒྲིག་གིས་མྱུལ་ཞིབ་རྩད་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བརྟག་དཔྱད་བྱས་པ་བརྒྱུད་མེ་ཆེ་གེ་མོ། བུད་མེད། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནས་ཡིན། དེས་འཚོང་རྒྱུ་ཡིན་ཟེར་བའི་ཁང་པའི་ལག་ཁྱེར་དང་དེ་བཞིན་བློ་ཆེ་གེ་མོ་དང་། འཇམ་ཆེ་གེ་མོ། བསྟན་ཆེ་གེ་མོ་བཅས་དང་བཞག་པའི་ཁང་པ་ཉོ་བའི་གན་རྒྱ་ཚང་མ་རྫུན་བཟོ་བྱས་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་པ་རེད། མེ་ཆེ་གེ་མོའི་གཞི་རྩའི་ཆ་འཕྲིན་ཁོང་དུ་ཆུད་རྗེས་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ཁོ་མོའི་གྱོད་དོན་དྲ་ཐོག་ཏུ་བཀོད་དེ་རྗེས་འདེད་རྩད་གཅོད་བྱས་པ་དང་། སྤྱི་ཟླ་5ཚེས་4ཉིན་མེ་ཆེ་གེ་མོ་ཧའེ་ནན་ཞིང་ཆེན་ཏན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཏུང་ཧྥེང་མངགས་གཏོང་ཁང་གིས་འཛིན་བཟུང་བྱས་པ་རེད།

       འདྲི་རྩད་བྱས་པ་བརྒྱུད་མེ་ཆེ་གེ་མོས་གོང་གསལ་གྱི་ཁང་པའི་ལག་ཁྱེར་དང་ཁང་པ་ཉོ་བའི་གན་རྒྱ་རྫུན་མ་3བཅས་པ་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། ཁ་བསླུས་བརྒྱབ་པའི་དངུལ་ཁྱོན་སྒོར་ཁྲི་90ལྷག་ཙམ་གཡོ་ལེན་བྱས་པའི་ཉེས་གསོག་དོན་དངོས་ཁས་ལེན་བྱས་པ། བྱ་ཐབས་གཅིག་མཚུངས་ལ་བརྟེན་ནས་2020ལོར་རུས་མིང་ཀྲང་ཟེར་བའི་སྐྱེས་པ་ཞིག་ནས་སྒོར་ཁྲི་17གཡོ་ལེན་བྱས་པ། 2023ལོར་འཁྱུག་དབྱིངས་བརྒྱུད་སྐྱེས་པ་ཞིག་ནས་སྒོར་ཁྲི་1གཡོ་ལེན་བྱས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཡང་ཞུས་པ་རེད།

       མིག་སྔར། ཁྲིམས་ལྟར་མེ་ཆེ་གེ་མོར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་མ་ཟད། གྱོད་གཞི་དེ་སྔར་བཞིན་སྒྲུབ་མུས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 
ཞུ་དག ཟླ་བ་ཚེ་རིང་། 
སྒྲིག་སྒྱུར། བདེ་གཡང་།

 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

སྒོར་ཁྲི་90ལྷག་མགོ་སྐོར་བཏང་འདུག བོད་ལྗོངས་ནས་ཁང་པ་ཉོ་མཁན་ཚོས...

ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་མྱུལ་ཞིབ་ནན་ཏན་བྱས་ཏེ་ཁ་བསླུས་བརྒྱབ་པའ