ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བཟའ་བཏུང་ལས་བདེ་ཐང་ལ་ཤུགས་རྐྱེན་འདི་འདྲ་ཐེབས་ཀྱི་ཡོད།

2023-03-16 10:31:00     责编:娜科

     ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར། རྒྱལ་སྤྱིའི་ཆེད་ལས་རིག་གཞུང་དུས་དེབ《BMCགསོ་རིག》(BMC Medicine)ཐོག་སྤྱི་ཟླ་3ཚེས་14ཉིན་བདེ་ཐང་ཞིབ་འཇུག་གི་དཔྱད་རྩོམ་ཞིག་སྤེལ་ནས་སྲོལ་རྒྱུན་གྱི་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་(ཕུན་སུམ་ཚོགས་པའི་མཚོ་ཟས་དང་ཤིང་ཏོག   ཤུན་མཁྲེགས་ཤིང་ཏོག་འདུས་པ།)སྤྱད་ན་གླེན་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་།  ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་ཉུང་ཉུང་སྤྱོད་མཁན་དང་བསྡུར་ན་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་རྒྱུན་མཐུད་སྤྱོད་མཁན་ལ་གླེན་ནད་ཕོག་པའི་ཉེན་ཁ་23%དམའ་བ་ཡོད་ཅེས་བསྟན་ཡོད། 

     དཔྱད་རྩོམ་དེའི་ནང་ངོ་སྤྲོད་བྱས་པར་གཞིགས་ན། བཟའ་བཏུང་ནི་གླེན་ནད་འབྱུང་བར་འགྱུར་ལྡོག་གཏོང་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། དེ་ནད་རིགས་སྔོན་འགོག་དང་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་དམིགས་ཚད་དུ་རྩིས་ཆོག  འོན་ཀྱང་སྔོན་ཆད་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་གི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་པའི་ཐད་སྤྱིར་མ་དཔེ་ཉུང་བ་དང་གླེན་ནད་ཕོག་མཁན་ཉུང་ཤས་ལས་མེད་པ་རེད།  

     དཔྱད་རྩོམ་དེའི་རྩོམ་པ་པོ་དང་པོ་སྟེ་དབྱིན་ཇིའི་ཉིའུ་ཁ་སིའར་སློབ་ཆེན་གྱི་ཨའོ་ལི་ཕུའུ་ཤང་ནུང་དང་ཁོང་གི་ལས་རོགས། དེ་མིན་མཉམ་ལས་པ་བཅས་ཀྱིས་དབྱིན་ཇིའི་སྐྱེ་དངོས་མ་དཔེ་མཛོད་ཕུག་ (UK Biobank) ཁྲོད་ཀྱི་ཁེར་རྐྱང་གི་གཞི་གྲངས་60298ལ་དབྱེ་ཞིབ་བྱས་པ་དང་མ་དཔེ་དེ་དག་གི་མི་ཚོགས་ནས་བཟའ་བཏུང་གི་དཔྱད་དཔོག་ལེགས་བྱས་ཡོད།   ཁོ་ཚོས་ཚད་འཇལ་ཚད་གཞི་གཉིས་སྤྱད་ནས་མ་དཔེའི་མི་ཚོགས་ཀྱིས་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་བརྟེན་ཚད་ལ་དཔྱད་དཔོག་བྱས་ཡོད། ཆ་སྙོམས་ལོ་9.1བརྟག་དཔྱད་བྱེད་པའི་ནང་གླེན་ནད་ཕོག་པའི་ནད་དཔེ་882ཐོན་ཡོད། ཁོ་ཚོས་ད་དུང་མི་སྒེར་རེ་རེའི་གླེན་ནད་ཀྱི་རྒྱུད་འཁྲིད་ཉེན་ཁར་བསམ་གཞིག་བྱས་ཤིང་། ཞིབ་འཇུག་མ་དཔེའི་རྒྱུད་རྒྱུ་མང་པོའི་ཉེན་ཁར་དཔྱད་དཔོག་བྱས་ཡོད། བྱེད་ཐབས་འདིས་གླེན་ནད་ཕོག་རྐྱེན་དང་འབྲེལ་བའི་རྒྱུད་རྒྱུ་མང་པོར་དཔྱད་དཔོག་བྱེད་ཐུབ།

    དཔྱད་རྩོམ་འདིའི་རྩོམ་པ་པོས་ཤེས་རྟོགས་བྱུང་བར་གཞིགས་ན།  ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་ཆེས་རྒྱུན་འཁྱོངས་བྱ་མི་ཐུབ་མཁན་དང་བསྡུར་ན།  ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་ལག་ལེན་བྱེད་མཁན་ཡག་ཤོས་ལ་གླེན་ནད་ཕོག་པའི་ཉེན་ཁ་23%ཆུང་དུ་ཕྱིན་ཡོད། དེ་ནི་ཉེན་ཁ་0.55%དམའ་རུ་བཏང་བ་དང་མཚུངས།  གླེན་ནད་ཀྱི་རྒྱུད་རྒྱུ་མང་བའི་ཉེན་ཁ་དང་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་ལ་བརྟེན་ཚད་ཀྱི་བར་དུ་མངོན་གསལ་གྱི་འབྲེལ་བ་མེད། ཁོ་ཚོས་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་དང་གླེན་ནད་འབྱུང་ཚད་ཀྱི་ཉེན་ཁ་དམའ་རུ་གཏོང་བའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་མཚོན་ཡོད་པ་དང་མི་སྒེར་གྱི་གླེན་ནད་རྒྱུད་འཁྲིད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་མེད་པར་འདོད། ཤེས་རྟོགས་འདི་ནི་ཚོར་བ་རྣོན་པོའི་དབྱེ་ཞིབ་ཡོད་ཚད་ཁྲོད་གཅིག་མཐུན་མིན་པས། བཟའ་བཏུང་དང་རྒྱུད་འཁྲིད་ཀྱི་ཕན་ཚུན་བྱེད་ནུས་ལ་དཔྱད་དཔོག་བྱེད་པར་གླེན་ནད་ཀྱི་ཉེན་ཁའི་ཤུགས་རྐྱེན་ལ་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱ་དགོས་པའི་བསམ་འཆར་བཏོན་ཡོད།

     དཔྱད་རྩོམ་འདིའི་རྩོམ་པ་པོས་དྲན་སྐུལ་བྱས་ནས་བཤད་དོན།  ཁོ་ཚོའི་དབྱེ་ཞིབ་དེ་རིགས་རྒྱུད་ཀྱི་རྒྱབ་ལྗོངས་མི་རིགས་དཀར་པོ་དང་། དབྱིན་ཇི་བ། ཡང་ན་ཨིར་ལན་བ་བཅས་ཡིན་པར་བརྗོད་པའི་མི་སྒེར་ཁོ་ན་རེད། དེ་ནི་སྤྱོད་དུ་རུང་བའི་གྲངས་གཞིའི་ནང་ཡོ་རོབ་ཀྱི་ཁྲག་རྒྱུད་ཀྱི་རྒྱུད་འཁྲིད་གཞི་གྲངས་ཁོ་ན་ལས་མེད་པ་དང་། ད་དུང་མི་ཚོགས་རབ་དང་རིམ་པའི་ཁྲོད་དུ་མངོན་མེད་ཀྱི་བཟའ་བཏུང་གི་ཕན་པ་དེའི་རིགས་ལ་སྔར་བས་ཞིབ་འཇུག་བྱེད་དགོས། ཁོང་ཚོས་ཕྱོགས་སྡོམ་བྱས་ནས་བསྟན་དོན། ཐེངས་འདིའི་ཞིབ་འཇུག་གི་གཞི་གྲངས་ལྟར་ན། བདེ་ཐང་གི་རྩི་ཤིང་རང་བཞིན་གྱི་ཟས་རིགས་མང་པོ་འདུས་པའི་ས་དབུས་རྒྱ་མཚོའི་རྣམ་པའི་བཟའ་བཏུང་ནི་ཐེ་གཏོགས་བྱ་ཐབས་བཟུང་རུང་བ་ཞིག་ཡིན་སྲིད་པས། མ་འོངས་པའི་གླེན་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་བྱ་ཐབས་ནང་བཅུག་ཆོག་གི་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བཟའ་བཏུང་ལས་བདེ་ཐང་ལ་ཤུགས་རྐྱེན་འདི་འདྲ་ཐེབས་ཀྱི་ཡོད།

དཔྱད་རྩོམ་འདིའི་རྩོམ་པ་པོས་དྲན་སྐུལ་བྱས་ནས་བཤད་དོན། ཁོ་ཚོའི་དབྱེ་ཞིབ་དེ་རིགས་རྒྱུད་ཀྱི་རྒྱབ་ལྗོངས་མི་རིགས་དཀར་པོ་དང་། དབྱིན་ཇི་བ། ཡང་ན་ཨིར་ལན་བ་བཅས་ཡིན་པར་བརྗོད་པའི