ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དངུལ་ཁ་བསླུས་རྒྱག་མཁན་གྱིས་མངག་གཏོང་ཁང་ཞིག་བསྐྲུན་ཟེར་བ་བདེན་ནམ།

2023-02-25 16:57:00     责编:桑吉卓玛

དངུལ་ཁ་བསླུས་རྒྱག་མཁན་གྱིས་མངག་གཏོང་ཁང་ཞིག་བསྐྲུན་ཟེར་བ་བདེན་ནམ།

 

        མགོ་སྐོར་གཏོང་མཁན་དེ་ཚོ་ཧམ་ཤེད་ཅི་འདྲ་ཡོད་དམ།
 

 

       མགོ་སྐོར་གཏོང་མཁན་གྱིས་སྒོར་མོ་ཁ་བསླུས་རྒྱག་ཆེད་མངག་གཏོང་ཁང་ཞིག་བསྐྲུན་པ།

       ཉེ་ཆར། ཀྲེ་ཅང་ཝུན་ཀྲོའུ་ཡི་བུད་མེད་ཞུང་ལགས་ལ་གློ་བུར་དུ་ཁ་པར་ཞིག་འབྱོར་བ་དང་། ཕ་རོལ་པས་རང་ཉིད“ཉེན་རྟོག་པ་ཝང་”ལགས་ཡིན་ཞིང་། བུད་མེད་ཞུང་ལགས“ཁྲིམས་འགལ་གྱི་དངུལ་ནག་དཀར་སྒྱུར”གྱོད་གཞི་ཞིག་དང་འབྲེལ་བ་ཡོད་པ་དང་། ཁོང་མོས་བརྟག་དཔྱད་ལ་རམ་འདེགས་བྱེད་དགོས་ཞེས་བཤད་ཡོད་པ་རེད། བུད་མེད་ཞུང་ལགས་ཀྱི་ཡིད་ཆེས་ཐོབ་ཆེད། “ཉེན་རྟོག་པ་ཝང་”ལགས་ཡིན་ཟེར་བ་དེས་བུད་མེད་ཞུང་ལགས་ལ་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་ནས་བརྙན་ལམ་འབྲེལ་གཏུགས་བྱས་པ་དང་། བུད་མེད་ཞུང་ལགས་ཀྱིས“ཉེན་རྟོག་པ་ཝང་”ལགས་ཀྱི་རྒྱབ་ཕྱོགས་སུ་གྱང་སྔོན་པོའི་ངོས་སུ་ཡི་གེ་དཀར་པོས་སྤྱི་བདེ་ཞེས་བྲིས་པའི་རྒྱབ་ལྗོངས་མཐོང་ཡོད། བུད་མེད་ཞུང་ལགས་ཀྱིས་མྱུར་དུ་སྒོར་མོ“བདེ་འཇགས་ཐོ་ཁུངས”ཞེས་པའི་ནང་སྤོས་ནས་ར་སྤྲོད་བྱས་པ་དང་། དངུལ་ཕར་ལ་སྐུར་གྲབས་ཡོད་པའི་སྐབས་དེར་མི་དམངས་ཉེན་རྟོག་པ་ངོ་མ་ཁོང་མོའི་སྒོ་བརྡུང་ནས་འཛུལ་ཡོང་བ་རེད། སྟབས་ལེགས་པ་ཞིག་ལ་བུད་མེད་ཞུང་ལགས་ཀྱི་དངུལ་བྱང་ནང་གི་སྒོར་མོ་ཁྲི་129ད་དུང་བསྐུར་མེད།

       ཝུན་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་དེ་ནི་འཆར་ངོས་བརྙན་དུ་བླངས་པ་ཡིན་པ་བསྟན།

       མགོ་སྐོར་གཏོང་མཁན་ལ་གཡོ་ཐབས་སྣ་ཚོགས་ཡོད་པས། དྲ་གྲོགས་མང་པོ་ཞིག་གི་སེམས་ལ་ད་དུང་སྐྲག་སྣང་གནས་ཡོད།
 

 

       ཡིན་ནའང་དོན་དངོས་ནི་དེ་འདྲ་ཞིག་མིན་ཏེ། ཟླ་2ཚེས་23ཉིན། གསར་འགོད་པས་ཝུན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་འགན་འཁུར་བ་ཉེན་རྟོག་པ་ཧོང་ཐུང་ལིན་ལ་ཁ་པར་བཏང་ནས་བདེན་མིན་ར་སྤྲོད་བྱེད་དུ་བཅུག་ཡོད། ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། དེ་འདྲའི་དོན་དག་བྱུང་ཡོད་པ་བདེན་ན་ཡང་། དོན་དག་དེ་ནི་ན་ནིང་ཟླ་8པར་ཡུང་ཅ་རུ་བྱུང་བ་དང་། དྲ་ལམ་དུ་ཁྱབ་པའི་བརྙན་མཐོང་ནི་སྐབས་དེར་བྱུང་བའི་གྱོད་དོན་ཕན་ཚུན་མཐུན་གྱི་མེད་པ་རེད། བརྙན་མཐོང་ཁྲོད་ཀྱི“ཉེན་རྟོག་པ་རྫུན་མ”ནི་དོན་དངོས་སུ་ཉེན་རྟོག་པ་ངོ་མ་ཡིན་ཞིང་། ཉེན་རྟོག་པ་དེ་མི་གཞན་ལ་ཁ་ཏ་སློབ་གསོ་བཏང་བའི་སྐབས་སུ་མགོ་སྐོར་གཏོང་མཁན་གྱིས་འཆར་ངོས་བརྙན་དུ་བླངས་ནས་ཁ་བསླུས་རྒྱག་བྱེད་བྱས་པ་ཡིན་འདུག

       སྒོར་མོ་བསྐུར་རུང་ངམ་ཞེ་ན། གཏན་ནས་བསྐུར་མི་རུང་།

       མགོ་སྐོར་གཏོང་མཁན་གྱི་གཡོ་ཐབས་ནི་འགོག་ཐབས་བྲལ་བ་ཞིག་ཡིན། སྤྱི་དཔྱོད་ཁྲིམས་གསུམ་དུ་བརྫུས་པའི་ཁ་བསླུས་འགའ་ཤས་ཁྲོད་དུ་མགོ་སྐོར་གཏོང་མཁན་གྱིས་སྔོན་ལ་ཕ་རོལ་པོ་ལ་ནག་ཚོགས་དང་དངུལ་ནག་དཀར་སྒྱུར། ཡང་ན་ནག་ཉེས་གཞན་པར་འབྲེལ་བ་ཡོད་པ་བརྗོད་ནས་དངངས་སྐྲག་ཆེན་པོ་བསླངས་པ་དང་། དེ་རྗེས་སྒོར་མོ“བདེ་འཇགས་ཐོ་ཁུངས”སུ་བསྐུར་དགོས་ཚུལ་བཤད་ནས། མ་དངུལ་ཞིབ་བཤེར་བྱས་རྗེས་ཕྱིར་སྤྲད་དེ་ཁྱེད་ཉིད་ལ་ནག་ཉེས་མེད་པ་བདེན་དཔང་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས། སྤྱི་བདེ་ལས་ཁུངས་ཀྱིས་ཁྱེད་རང་ལ་སྒོར་མོ་བསྐུར་དུ་འཇུག་མི་སྲིད་ཅིང་། གལ་ཏེ་དངོས་གནས་སེམས་ཁྲལ་བྱུང་ཚེ། མངགས་གཏོང་ཁང་དུ་བདེན་སྤྲོད་བྱེད་དུ་འགྲོ་དགོས་པའི་དྲན་སྐུལ་བྱས་འདུག མངགས་གཏོང་ཁང་དུ་འགྲོ་བ་ལས་གཞན་ད་དུང་གཤམ་གྱི“ཁ་བསླུས་འགོག་ཐབས་མཚོན་ཆ་ཆེན་པོ་ལྔ”བརྒྱུད་ནས་ཁ་བསླུས་འགོག་ཐུབ།

↓↓

 

       ཁྱེད་རང་ལ་ཁ་བསླུས་རྒྱག་མཁན་འཕྲད་མྱོང་ངམ། གཤམ་གྱི་དཔྱད་འཇོག་སྤེལ་སར་བརྗོད་རོགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། ཀླུ་འབུམ།

 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དངུལ་ཁ་བསླུས་རྒྱག་མཁན་གྱིས་མངག་གཏོང་ཁང་ཞིག་བསྐྲུན་ཟེར་བ་བདེན་ནམ།

ཉེ་ཆར། ཀྲེ་ཅང་ཝུན་ཀྲོའུ་ཡི་བུད་མེད་ཞུང་ལགས་ལ་གློ་བུར་དུ་ཁ་པར་ཞིག་འབྱོར་བ་དང་། ཕ་རོལ་པས་རང་ཉིད“ཉེན་རྟོག་པ་ཝང་”ལགས་ཡིན་ཞིང་།