ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶དུས་ཡུན་རིང་པོར་མ་འགུལ་བར་བསྡད་པས་ལུས་སྨད་ཞ་བ།

2023-02-15 09:02:00     责编:娜科

 

      གནས་ཚུལ་སྤེལ་བར་གཞིགས་ན།  འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་ཧྲིན་ཀྲིན་ནས་ཡིན་ཞིང་ད་ལོར་ལོ་50ལ་སོན་པ་དང་རྐེད་ཚིགས་མཁར་མཚམས་འབུར་ཐོན་གྱི་ནད་བྱུང་བའི་སྐུ་ཞབས་ཁྲིན་ལགས་ཀྱིས་དུས་ཡུན་ཆུ་ཚོད་བརྒྱད་རིང་རླངས་འཁོར་བཏང་ནས་ཕ་ཡུལ་དུ་ལོག་རྗེས་ཁོང་གི་རྐེད་པ་མི་བདེ་བར་གྱུར།  

     སྐུ་ཞབས་ཁྲིན་ལགས་ཀྱིས་སྔོན་གྱི་ནད་གཞི་བསྐྱར་ལོག་བྱུང་བར་དོགས་ནས་མལ་ཁྲིའི་སྟེང་དུ་ཉལ་ནས་ངལ་གསོ་བྱས། ཐོག་མའི་དུས་སུ་སྔོན་ཆད་དང་འདྲ་བར་རྐེད་པར་འཕུར་མཉེད་བྱས། འོན་ཀྱང་ནད་གཞི་ཇེ་སྡུག་ཏུ་གྱུར་ནས་རྐང་པ་གཉིས་སྦྲིད་པ་དང་གཅིན་པ་གཏོང་མི་ཐུབ་པར་གྱུར།

      བསྟུད་མར་ཆུ་ཚོད་8རིང་རླངས་འཁོར་བཏང་བས་སྐྱེས་པ་ཞིག་དུས་ཡུན་རིང་པོར་རྐུབ་སྟེགས་ཐོག་བསྡད་ནས་ལུས་སྨད་ཞ་བའི་ནད་རྟགས་ཐོན་པར་སྨན་པས་དྲན་སྐུལ་བྱས་དོན།

      སྐུ་ཞབས་ཁྲིན་ལགས་ཀྱིས་CTབརྟག་དཔྱད་བྱས་རྗེས་ཁོ་ལ་རྟ་རྔའི་ཕྱོགས་བསྡུས་ནད་དེ་ལུས་སྨད་ཞ་འདུག་པར་ངོས་འཛིན་བྱས། དེ་ནི་རྐེད་ཚིགས་མཁར་མཚམས་འབུར་ཐོན་གྱི་ནད་ཆེས་ཚབས་ཆེ་བའི་རིགས་ཡིན་པ་དང་།    རྒྱུངས་ཉིང་གྱིས་དབང་རྩའི་རྟ་རྔར་བཙན་གནོན་བྱས་པ་ལས་བྱུང་བའི་དབང་རྩའི་བྱེད་ནུས་ལ་བཀག་འགོག་ཐེབས་པ་ཞིག་ཡིན་པ་རེད། དེ་བས་སྨན་པས་དུས་ཐོག་ཏུ་སྐུ་ཞབས་ཁྲིན་ལ་གཤག་བཅོས་བྱས་པ་དང་། མིག་སྔར་དྲག་སྐྱེད་ཡག་པོ་བྱུང་བཞིན་འདུག

      བསྟུད་མར་ཆུ་ཚོད་8ལ་རླངས་འཁོར་བཏང་བས་སྐྱེས་པ་ཞིག་དུས་ཡུན་རིང་པོ་རྐུབ་སྟེགས་ཐོག་བསྡད་རྗེས་ལུས་སྨད་ཞ་བའི་ནད་རྟགས་ཐོན་པར་སྨན་པའི་དྲན་སྐུལ་བྱས་དོན།

      སྨན་པའི་དྲན་སྐུལ་བྱས་པ་ལྟར་ན།  རྐེད་ཚིགས་མཁར་མཚམས་འབུར་ཐོན་གྱི་ནད་བྱུང་མཁན་དེས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ནས་དྲག་ཚད་མཐོན་པོའི་འགུལ་སྐྱོད་དང་ཡང་དང་བསྐྱར་དུ་འཁོར་བ་དང་སྒུར་བར་འཛེམ་དགོས་པ་དང་། ཡར་ལངས་སྟངས་དང་མར་འདུག་སྟངས་ཡང་དག་ཡིན་དགོས་པ་མ་ཟད་རྐེད་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་དགོས།  དུས་མཚུངས་སུ་རྒྱུན་ལྡན་གྱི་འདུག་སྟངས་ལེགས་པོ་རྒྱུན་འཁྱོངས་བྱས་ན་རྐེད་ཚིགས་མཁར་མཚམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་ལ་རྐང་པའི་སྒྱིད་པ་འགྱུར་ཚད་ཇེ་རིང་དུ་གཏོང་རྒྱུའང་གལ་ཆེ། 

     དོན་དམ་པར། དུས་ཡུན་རིང་པོར་རླངས་འཁོར་བཏང་བ་དེ་ནི་སྐུ་ཞབས་ཁྲིན་ལགས་ཀྱི་ལུས་སྨད་ཞ་བའི་རྒྱུ་རྐྱེན་གཙོ་བོ་དེ་མ་ཡིན་པར། ཁོང་རང་ཉིད་ལ་མ་གཞི་ནས་རྐེད་ཚིགས་མཁར་མཚམས་འབུར་ཐོན་གྱི་ནད་ཡོད་པའི་སྟེང་ཡུན་རིང་བོར་བསྡད་པའི་རྐྱེན་གྱིས་ཡིན་པ་རེད།  

      དེར་བརྟེན་དུས་ཡུན་རིང་པོར་གཞུང་ལས་ཁང་སོགས་ནང་ཡུན་རིང་འདུག་པའི་མི་ཚོགས་ཀྱིས་རང་ཉིད་ཀྱི་གཟུགས་པོ་རྒྱུན་ལྡན་ཡིན་ཡང་དུས་རྒྱུན་དུ་ཡར་ལངས་ནས་སྦྱོང་བརྡར་བྱེད་དགོས་པ་མ་ཟད་འདུག་སྟངས་ལེགས་པོའང་རྒྱུན་འཁྱོངས་བྱེད་དགོས་པའི་དྲན་སྐུལ་ཞུས་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

▶དུས་ཡུན་རིང་པོར་མ་འགུལ་བར་བསྡད་པས་ལུས་སྨད་ཞ་བ།

དེར་བརྟེན་དུས་ཡུན་རིང་པོར་གཞུང་ལས་ཁང་སོགས་ནང་ཡུན་རིང་འདུག་པའི་མི་ཚོགས་ཀྱིས་རང་ཉིད་ཀྱི་གཟུགས་པོ་རྒྱུན་ལྡན་ཡིན་ཡང་དུས་རྒྱུན་དུ་ཡར་ལངས་ནས་སྦྱོང་བརྡར་བྱེད་དགོས་པ་མ་ཟད་འདུག་སྟངས་ལེགས་པོའང་རྒྱུན་འཁྱོངས་བྱེད་དགོས་པའི་དྲན་སྐུལ་ཞུས་འདུག