ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཀར་མཛེས་ལ་དྲ་གྲགས་ཅུས་ཀྲང་གསར་པ་ཞིག་ཐོན་འདུག

2023-02-10 17:44:00     责编:桑吉卓玛

དཀར་མཛེས་ལ་དྲ་གྲགས་ཅུས་ཀྲང་གསར་པ་ཞིག་ཐོན་འདུག

 

 

       སྤྱི་ཟླ་2པའི་ཚེས་8ཉིན། རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གིས་རིག་གནས་ཡུལ་སྐོར་གླེང་བ་ཞེས་པའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་རྗེས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྒྱལ་མཚན་རྡོ་རྗེར་དེ་མ་ཉིད་དུ་དྲ་གྲོགས་རྣམས་ཀྱི་དགའ་བསུ་དང་དོ་སྣང་ཆེན་པོ་ཐོབ་ཡོད།

       བརྙན་ཐུང་འདིའི་ནང་ཁོང་གིས་སྐབས་འགར་སྤྲོ་སྣང་དོད་པ་དང་། སྐབས་འགར་རྫིག་ཉམས་དོད་པ། སྐབས་འགར་ཞི་དུལ་བག་དང་ལྡན་པ་བཅས་ཀྱི་སྒོ་ནས་འཇིག་རྟེན་འཕུར་སྐྱོད་པ་དང་། གནའ་བོའི་འཐབ་འཛིང་པ། ལག་ཤེས་བཟོ་རྩལ་པ་སོགས་འཁྲབ་ནས། རྒྱ་སྐད་དང་དབྱིན་སྐད་ཆུ་རྒྱུག་རྒྱུག་རྒྱག་བཞིན་ཕ་ཡུལ་གྱི་མཛེས་ལྗོངས་ངོ་སྤྲོད་བྱས་ཡོད།

 

 

       ཁོང་གིས་བརྙན་ཐུང་འདི་ཕབ་ལེན་བྱེད་པའི་དམིགས་ཡུལ་ནི་རྟའུ་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་མཚར་སྡུག་བཀྲ་བའི་མི་ཆོས་རིག་གནས་ཡུལ་གཞན་ལ་ཁྱོན་ཡོངས་ནས་ངོ་སྤྲོད་བྱ་ཆེད་ཡིན་ཞིང་། བརྙན་ཐུང་འདིའི་ནང་དོན་གཏན་འཁེལ་དང་ཇུས་འགོད། པར་ལེན་དང་དུས་མཇུག་གི་བཟོ་སྒྲིག་བཅས་ལམ་རིམ་ཧྲིལ་པོར་ཁྱོན་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་འགོར་ཡོད།

 

 

       ཉེ་བའི་ལོ་ཤས་རིང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་བསྟུན། རྟའུ་རྫོང་གི་ཡུལ་སྐོར་བྱ་གཞག་གིས་ཀྱང་ཟིན་ཐོ་གསར་པ་ཐེངས་མང་བཏོད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ་2022ལོ་ཁོ་ནར། རྟའུ་རྫོང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་185ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་20.8མངོན་འགྱུར་བྱུང་ཡོད། མིག་སྔར་རྟའུ་རྫོང་ལ་Aརིམ་པའི་མཛེས་ལྗོངས་ཁུལ་9ཡོད་པ་དང་། སི་ཁྲོན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཡིན་པ་མ་ཟད། ཀྲུང་གོའི་ས་ཁམས་དུས་དེབ་ཀྱིས“ཀྲུང་གོའི་བོད་མིའི་སྡོད་ཁང་སྒྱུ་རྩལ་གྲོང་ཁྱེར”ཞེས་པར་བདམས་པ་དང་། “ཀྲུང་གོའི་སྒར་བརྒྱབ་ནས་སྡོད་ས་ཆེན་པོ་བཅུ”ཡི་གྲས་སུ་ཚུད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།
 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དཀར་མཛེས་ལ་དྲ་གྲགས་ཅུས་ཀྲང་གསར་པ་ཞིག་ཐོན་འདུག

སྤྱི་ཟླ་2པའི་ཚེས་8ཉིན། རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གིས་རིག་གནས་ཡུལ་སྐོར་གླེང་བ་ཞེས་པའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་རྗེས།