ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

​ཕྱི་གླིང་པས་“ཁྱེད་ཚོས་གང་འདྲ་བྱས་ཏེ་བཟོས་པ་ཡིན་”ཞེས་དྲིས།

2023-01-25 12:08:00     责编:桑吉卓玛

​ཕྱི་གླིང་པས་“ཁྱེད་ཚོས་གང་འདྲ་བྱས་ཏེ་བཟོས་པ་ཡིན་”ཞེས་དྲིས།

       རིམས་འགོག་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་ཀྱི་དཔྱིད་གསར་འགྲུལ་སྐྱེལ་འདྲེན་ཐོག་མ་དེ་འགོ་ཚུགས་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་ཚོ་རང་ཁྱིམ་དུ་ལོག་ནས་ནང་མི་དང་མཉམ་འཛོམས་བྱས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གྲོགས་པོ་ཞིག་གིས་དཔྱིད་གསར་རིང་ཡུལ་སྐོར་བྱེད་པར་སྐྱོད་་ཡོད་དེ། ཝུའུ་ཧན་ནས་མྱུར་བགྲོད་ལྕགས་ལམ་བསྡད་དེ་ནུབ་ཕྱོགས་སུ་སྐྱོད་ཅིང་། ལམ་བར་དུ་ཚ་ཚ་འུར་འུར་གྱིས་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་ཀྲུང་གོའི་འཕེལ་རྒྱས་ཚོར་ཐུབ་ཡོད།

       ད་ཐེངས་སྐྱོད་ཡུལ་ནི་ཧུའུ་པེའི་ནུབ་ཀྱི་ཝུའུ་ལིན་རི་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྲི་ཆུའི་ངོགས་ཀྱི་དབྱི་ཁྲང་གྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་ལུང་ཀྲུའུ་ཕིང་གྲོང་རྡལ་ཀྲེང་ཅ་པིང་གྲོང་ཚོར་ཡིན་པ་རེད། ཡུལ་དེར་སྔོ་ལྗང་རི་ཀླུང་དང་ལྗང་མདོག་འཕེལ་རྒྱས་ལས་གྲོང་གསེབ་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། མི་རྣམས་ཀྱིས་སྲོལ་རྒྱུན་གྱི་རྣམ་པས་དཔྱིད་གསར་དང་རེ་བས་ཁེངས་པའི་འཚོ་བ་གསར་པ་བསུ་བཞིན་ཡོད།

       དཔྱིད་གསར་འཆར་ཉེར་ཡོད་པའི་སྐབས་སུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གྲོགས་པོ་ཝུའུ་ཧན་ནས་རྡོག་ཐོན་ཏེ་ནུབ་ཕྱོགས་སུ་བསྐྱོད་ཅིང་། ཧུའུ་པེ་ཞིང་ཆེན་གྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་དུ་ཡོང་ནས་སྔོ་ལྗང་རི་ཀླུང་ཁྲོད་ཀྱི་ཀྲུང་གོའི་ལོ་གསར་ལ་རོལ་བ་རེད།

       གསར་འགོད་པ་ཆིང་ཅང་གཙང་པོའི་ཆུ་ལག་ཡན་ཐོའུ་ཞི་བརྒྱུད་དེ་ལུང་ཀྲུའུ་ཕིང་གྲོང་རྡལ་ཀྲེན་ཅ་པང་གྲོང་ཚོར་སླེབས། ཡུལ་དེར་ཚང་ཚང་ལྗོན་པ་དང་དྭངས་གཙང་ཆུ་ཕྲན་གྱིས་མཛེས་ཤིང་། གྲོང་སྡེའི་ཁྲོམ་ཟམ་དང་རི་འདབས་ཀྱི་གྲོང་ཚོ་བཅས་སུ་ལྒང་ཞུས་བརྒྱན་པས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ལོ་10ལྷག་ཙམ་གོང་དེ་གའི་རི་བོ་སྐྱ་ཐེར་ཐེར་དུ་ཡོད་ཅིང་གཙང་པོའང་ཆུ་རྙོག་གིས་སྦགས་པ་དང་། གྲོང་མིའི་ཡོང་འབབ་གྲོང་རྡལ་ཡོངས་ནས་དམའ་ཤོས་ཡིན།

       གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱིས་གྲོང་མིའི་སྣེ་ཁྲིད་དེ་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་སེམས་ཐག་བཅད་པ་རེད། གྲོང་མི་ཚོས་རི་མགོར་འབུད་ཤིང་འཐུ་བ་དང་གཙང་པོའི་ནང་བྱེ་མ་བརྐོ་བའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་བཏང་ནས་“ལྗང་མདོག་ལྟོ་ཕོར་”སྲུང་རྒྱུའི་དམ་བཅའ་བཞག་ཡོད། སྔོ་ལྗང་རི་ཀླུང་དོན་གཉེར་བྱས་པས་མ་དངུལ་འཇོག་མཁན་མང་པོ་བྱུང་ཡོད། གྲོང་ཚོའི་རི་བོ་གང་སར་སྐད་གྲགས་ཆོད་པའི་A4རིམ་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་བས་གྲོང་མི་ཁག་གཅིག་གིས་ཞིང་ཁྱིམ་སྤྲོ་ཁང་དང་དམངས་ཁྲོད་ཞག་སྡོད་མགྲོན་ཁང་གཉེར་བ་མ་ཟད། ཁ་ཤས་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པས་འཚོ་བ་ཡག་ནས་ཡག་ཏུ་ཕྱིན་ཡོད།

       ཕྱི་རྒྱལ་གྱི་གྲོགས་པོ་དེས་རི་ལྡེབས་ཀྱི་འབྲེང་ཟམ་མཐོང་སྐབས་ཧང་སངས་ནས་“ཁྱེད་ཚོ་གང་འདྲ་བྱས་ཏེ་བཟོས་པ་ཡིན་”ཞེས་དྲིས།

 

      “སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན། ”དེ་ནི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ཞིག་རེད། “གསེར་རི་དངུལ་རིའ་”འདུ་ཤེས་ཀྱི་སྣེ་ཁྲིད་འོག ལྗང་མདོག་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་གཞི་མདངས་གཙོ་བོར་འགྱུར་བཞིན་ཡོད།

       ས་སྲོད་དུ། གྲོང་ཚོའི་ཐང་ཆེན་དུ་མགྲོན་བསུའི་དགོང་ཚོགས་ཤིག་གཉེར་ཞིང་། ཕོ་མོ་རྒན་གཞོན་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས་གཅིག་ཏུ་འདུས། གྲོང་མི་ཚོས་འབྲུག་རྩེད་དང་། སེང་རྩེད་དང་། གྲུ་རྩེད། ཤོག་སྦག་སྤར་བ་སོགས་ཀྱིས་ལོ་གསར་པའི་རེ་སྨོན་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

​ཕྱི་གླིང་པས་“ཁྱེད་ཚོས་གང་འདྲ་བྱས་ཏེ་བཟོས་པ་ཡིན་”ཞེས་དྲིས།

རིམས་འགོག་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་ཀྱི་དཔྱིད་གསར་འགྲུལ་སྐྱེལ་འདྲེན་ཐོག་མ་དེ་འགོ་ཚུགས་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་ཚོ་རང་ཁྱིམ