ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བནྡེ་རྒྱ་མཚོ་ལགས་དཔྱིད་གསར་དགོང་ཚོཊ་ལ་ཞུཊ་འདུག

2023-01-25 12:03:00     责编:桑吉卓玛

བནྡེ་རྒྱ་མཚོ་ལགས་དཔྱིད་གསར་དགོང་ཚོཊ་ལ་ཞུཊ་འདུག

       གནམ་གང་ཉིན་མོར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ལ་ལྟ་བ་ནི་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བའི་ཐུན་མོང་གི་བསམ་པའི་སྟོན་མོ་གཟབ་རྒྱས་ཤིག་རེད། ད་ལོའི་ངོ་མཚར་ཁྱད་དུ་འཕགས་པའི་2023ལོའི་དཔྱིད་གསར་དགོང་ཚོགས་ཐོག་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་མཁས་ཅན་བནྡེ་རྒྱ་མཚོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གི་གདན་དྲངས་པ་ལྟར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2023ལོའི་དཔྱིད་གསར་དགོང་ཚོགས་ལ་ཞུགས་པ་མ་ཟད། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གཞན་དག་དང་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་པ་ལས་མིའི་འཐུས་མི་བཅས་དང་མཉམ་དུ་རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

 

 

       ཀུན་སྤྱོད་དཔེ་བཟང་ནི་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་སྣའི་མཚོན་བྱེད་ཡིན་པས། ཚང་མར་མི་ཚེའི་གཏམ་རྒྱུད་མི་སེམས་འགུལ་བ་རེ་ཡོད། བནྡེ་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་མཁས་ཅན་དང་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་བཟོ་རྩལ་མཁས་ཅན་ཞིག་རེད། ལོ་མང་རིང་ཁོང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཉེ་འགྲམ་གྱི་མིའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་ནས་རང་ཉིད་ཀྱིས་དངུལ་བཏོན་ནས་སློབ་མ་དབུལ་པོ་170ལ་རོགས་སྐྱོར་བྱས་ཏེ་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱས་པ་རེད། ཁོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་ཧུར་ཐག་བྱས་པ་དང་། སྒྱུ་རྩལ་པ་169ལ་ཐང་ག་བཙོང་རོགས་བྱས་ཤིང་།  དུད་ཚང་དབུལ་པོ་500ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་ཁྲིད་བྱས་པས“རེབ་གོང་གི་མི་དམངས་སྒྱུ་རྩལ་པ”ཞེས་བརྗོད་ཀྱི་ཡོད།

 

       2023ལོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་མཇུག་འགྲིལ་རྗེས་གསར་འགོད་པས་འཕྲལ་མར་བནྡེ་རྒྱ་མཚོར་བཅའ་འདྲི་ཞུས་ཡོད། ཁོང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ལ་ཞུགས་པ་དེ་ནི་མཚོ་སྔོན་དུ་ཐེངས་དང་པོ་ཡིན་པ་དང་ངའི་ངོས་ནས་བརྗོད་ན་གཟི་བརྗིད་ཀྱི་མཚན་སྙན་དེ་བས་ཆེ་བ་ཞིག་རེད་ཅེས་དང་། ཁོང་གིས་ཏང་དང་སྲིད་གཞུང་གིས་ཀུན་སྤྱོད་དཔེ་བཟང་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས།  ང་ཚོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ལ་ཞུགས་སུ་བཅུག་པ་དང་ང་ཚོ་ས་མཐོའི་བུ་ཕྲུག་ཚོས་མེས་རྒྱལ་གྱི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མིག་མདུན་ནས་ཉམས་སུ་མྱོང་དུ་བཅུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
 

 

       བནྡེ་རྒྱ་མཚོ་ཡིས། ལོ་གསར་པའི་ནང་ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྨ་ལྷོ་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་རིག་གནས་སྲུང་སྐྱོབ། རིག་གནས་འཕེལ་རྒྱས། རིག་གནས་དར་རྒྱས་བཅས་ཀྱི་ལས་འགན་རང་འགུལ་ངང་འཁུར་བ་དང་ལས་དོན་ལ་སྔར་བས་འབད་བརྩོན་བྱེད་པ། ཀུན་སྤྱོད་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས“དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པ་དང་། མཛེས་སྡུག་དང་བདེ་འཇགས། ཞི་མཐུན། ཤེས་དཔལ་བཅས་ཀྱི་རེབ་གོང་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། རྡོ་ཐར།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བནྡེ་རྒྱ་མཚོ་ལགས་དཔྱིད་གསར་དགོང་ཚོཊ་ལ་ཞུཊ་འདུག

གནམ་གང་ཉིན་མོར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ལ་ལྟ་བ་ནི་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བའི་ཐུན་མོང་གི་བསམ་པའི་སྟོན་མོ་གཟབ་རྒྱས་ཤིག་རེད།