ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་གནམ་མིག་གིས་འདི་གསར་རྟོགས་བྱུང་ཡོད།

2022-12-16 17:28:00     责编:桑吉卓玛

ཀྲུང་གོའི་གནམ་མིག་གིས་འདི་གསར་རྟོགས་བྱུང་ཡོད།

       ཀྲུང་གོའི་གནམ་མིག་གིས་དགུ་ཚིགས་ཁྱིམ་རྒྱུད་ཀྱི་སྐར་ཁོངས་བར་སྣང་གི་དྭངས་གསལ་བརྙན་རིས་པར་དུ་བླངས་ཡོད། 

       དགུ་ཚིགས་ཁྱིམ་རྒྱུད་ནང་གི་བརྟན་སྐར་དུང་ཕྱུར་བར་གྱི་ཡངས་ཤིང་རྒྱ་ཆེ་བའི་སྐར་མཚམས་བར་སྟོང་ནི་སྟོང་པ་ཞིག་མ་ཡིན་ཏེ། སྐར་མའི་བར་གྱི་བར་རྫས་སྲབ་མོས་(星际介质)ཁེངས་ཡོད་པ་ཞིག་རེད།
 

 

 

       ཉིན་ཤས་གོང་རང་རྒྱལ་གྱི་ཚན་རིག་པས་ཀྲུང་གོའི་གནམ་མིགFASTསྤྱད་ནས། དགུ་ཚིགས་ཁྱིམ་རྒྱུད་ཀྱི་སྐར་མའི་བར་གྱི་བར་རྫས་སྔར་མཐོང་མ་མྱོང་བའི་ཞིབ་ཆ་གསལ་པོ་བསྟན་ཞིང་། དེ་ལ་དགུ་ཚིགས་ཁྱིམ་རྒྱུད་ནང་གི་སྐར་མའི་བར་གྱི་སྐྱེ་ཁམས་འཁོར་སྐྱོད་ལ་ཞིབ་འཇུག་བྱེད་པའི་ཐད་ནས་དོན་སྙིང་གལ་ཆེན་ལྡན་ཡོད།
 

 

       FASTཡིས་བླངས་བའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཆིང་མ་རྡུལ་གྱི་རླུང་གཟུགས་ཁྱབ་ཚུལ་རི་མོ་(འགྲོས་ཚད་བར་ཁོངས་-150 km/sནས་+150 km/sཡི་གསོག་འཇོག) 
 

 

        FASTཡིས་བླངས་བའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་སྐར་མའི་བར་གསེང་གི་གློག་གྱེས་རླུང་གཟུགས་ཁྱབ་ཚུལ་རི་མོ་(འགྲོས་ཚད་བར་ཁོངས་-40 km/sནས་+120 km/sཡི་གསོག་འཇོག) 

       ཞིབ་འཇུག་དེ་ནི་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་རིག་ཞིབ་འཇུག་པ་ཧན་ཅིན་ལིན་གྱིས་སྣེ་ཁྲིད་བྱས་པའི་ཚན་ཞིབ་ཚོགས་པས་བྲིས་བའི་དཔྱད་རྩོམ་སྐོར་སྤྱི་ཚེས་10ཉིན་རིག་གཞུང་དུས་དེབ།《ཀྲུང་གོའི་ཚན་རིག དངོས་ཁམས་རིག་པ། ཤུགས་རིག་པ། གནམ་དཔྱད་རིག་པ》ཞེས་པའི་ཐོག་དམིགས་བསལ་ཆེད་དོན་དུ་སྤེལ་ཡོད། 
 

 

       སྤྱི་ཟླ་7ཚེས་24ཉིན་པར་བླངས་པའི་ཀྲུང་གོའི་གནམ་མིག་གི་མཚན་ལྗོངས(བདག་སྲུང་སྐྱོང་གསོ་བྱེད་རིང་ལ་པར་བརྒྱབ། མི་མེད་གནམ་གྲུའི་འོད་རིས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཨོའུ་ཏུང་དང་ཆུས་ཀྲའེ་ཡིས་པར་བླངས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། བྱམས་མཚོ།

       

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོའི་གནམ་མིག་གིས་འདི་གསར་རྟོགས་བྱུང་ཡོད།

དགུ་ཚིགས་ཁྱིམ་རྒྱུད་ནང་གི་བརྟན་སྐར་དུང་ཕྱུར་བར་གྱི་ཡངས་ཤིང་རྒྱ་ཆེ་བའི་སྐར་མཚམས་བར་སྟོང་ནི་སྟོང་པ་ཞིག་མ་ཡིན་ཏེ། སྐར་མའི་བར་གྱི་བར་རྫས་སྲབ་མོས་(星