ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཐེ་རོན་ཕུས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་རང་ཁྱིམ་དུ་ཁྱེར་བ།

2022-02-20 17:24:00     责编:娜科

    ཨ་རིའི་རྒྱལ་ཁབ་ཡིག་ཚགས་དང་ཟིན་ཐོ་དོ་དམ་ཅུད་(NARA)ཀྱིས་རྒྱལ་ཡོངས་ལ།    ཙུང་ཐུང་ཟུར་པ་ཐེ་རོན་ཕུས་ན་ནིང་སྤྱི་ཟླ་1པོར་འགན་ཕབ་སྐབས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་ཧྥོ་རོ་ལི་ཏ་མངའ་སྡེར་ཡོད་པའི་ཁྱིམ་དུ་འཁྱེར་བ་བདེན་དཔང་བྱས་ཡོད།

    ཨ་རིའི་སྨྱན་སྦྱོར་མང་པོས་དེ་སྔོན་ཐེ་རོན་ཕུ་ཕོ་བྲང་དཀར་པོ་ནས་ཁ་བྲལ་སྐབས་གསང་བའི་ཡིག་ཆ་ཁ་ཤས་འཁྱེར་ཡོད་པ་དང་། ཡིག་ཆ་དེ་དག་ནི་གསང་རྒྱའི་རིམ་པར་གཏོགས་ཤིང་གལ་ཏེ་ཡོངས་བསྒྲགས་བྱས་ཚེ་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོ་སྲིད་པའི་སྐོར་གྱི་གནས་ཚུལ་སྤེལ་ཡོད།

     ལུའུ་ཐོའུ་གསར་འགྱུར་ཁང་གིས་སྤྱི་ཟླ་2ཚེས་19ཉིན་གནས་ཚུལ་སྤེལ་ནས།   ཨ་རིའི་རྒྱལ་ཁབ་ཡིག་ཚགས་དང་ཟིན་ཐོ་དོ་དམ་ཅུད་ཀྱིས་རེས་གཟའ་པ་སངས་(སྤྱི་ཟླ་2ཚེས་18ཉིན)ཉིན་རྒྱལ་ཚོགས་ལ་འཕྲིན་ཡིག་སྐུར་ནས་ཉེ་ཆར་ཐེ་རོན་ཕུའི་ཧྥོ་རོ་ལི་ཏ་མངའ་སྡེར་ཡོད་པའི་ཧེ་ཧུའུ་གཞིས་ཀ་ནས་ཡིག་ཆ་སྒམ་15ཙམ་ཕྱིར་བླངས་ཡོད་པ་བསྟན་ཡོད། ལས་ཁུངས་དེས་ཁྲིམས་འཛིན་སྡེ་ཁག་ལ་བརྡ་བཏང་ནས་གལ་ཏེ་བརྟག་དཔྱད་གང་དང་འབྲེལ་བ་བྱུང་ཚེ་ཁྲིམས་འཛིན་སྡེ་ཁག་གིས་ཐག་གཅོད་བྱ་རྒྱུ་ཡིན་པ་བསྟན་ཡོད།

     ཨ་རིའི་ཡིག་ཚགས་དོ་དམ་མཁན་ཧྥེ་རེ་རོ་(David Ferriero)ཡིས་གྲོས་ཁང་འོག་མའི་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་དང་དམངས་གཙོ་ཏང་ཁོངས་ཀྱི་གྲོས་ཁང་འོག་མའི་གྲོས་མི་མཱ་རོ་ཉི་(Carolyn Maloney)ལ་བསྐུར་བའི་འཕྲིན་ཡིག་ཅིག་གི་ཁྲོད་དུ་རྒྱལ་ཁབ་ཡིག་ཚགས་དང་ཟིན་ཐོ་དོ་དམ་ཅུད་ཀྱིས་སྒམ་དེ་དག་གི་ཁྲོད་ནས་གསང་བའི་རྒྱལ་ཁབ་བདེ་འཇགས་ཆ་འཕྲིན་གྱི་རྟགས་བཀོད་པའི་ཡིག་ཆ་རྙེད་པ་བྲིས་ཡོད།

     མཱ་རོ་ཉིས་གསལ་བསྒྲགས་སྤེལ་ནས་གསར་རྙེད་དེ་དག་གིས་ཁོང་ལ་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་ཟིན་ཐོའི་བཅའ་ཁྲིམས་སྣང་མེད་དུ་བཞག་པ་དང་དེས་ང་ཚོའི་ལོ་རྒྱུས་ཟིན་ཐོའི་ཐད་ཀྱི་མངོན་མེད་ཤུགས་རྐྱེན་གྱི་སེམས་ཁྲལ་ཆེ་རུ་བཏང་བྱུང་ཞེས་བཤད་ཡོད།

 

     ཐེ་རོན་ཕུས་ཀྱང་ཡིག་ཐོག་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་ཡིག་ཚགས་ཅུད་ཀྱིས་“གསར་རྙེད་”ཅི་ཡང་བྱུང་མེད་པ་དང་། ཁོ་ཚོས་སྤྱིར་བཏང་གི་གོ་རིམ་ལྟར་བླང་བྱ་བཏོན་པ་མ་ཟད་ཙུང་ཐུང་གི་ཟིན་ཐོ་དེ་དག་ལག་ཟིན་བྱུང་སྟེ། ཁོང་གི་ཆབ་སྲིད་ཤུལ་དངོས་ཙུང་ཐུང་ཡིག་ཚགས་བཅའ་ཁྲིམས་ལྟར་ཉར་ཚགས་ལེགས་པོ་བྱེད་པར་ཁག་ཐེག་བྱས་ཡོད་ཅེས་བཤད་འདུག

     གཏན་འབེབས་ལྟར་ན་ཨ་རིའི་ཙུང་ཐུང་གིས་ངེས་པར་དུ་འགན་བཞེས་རིང་གི་ལས་ཀའི་ཡིག་ཆ་ཡོངས་རྒྱལ་ཁབ་ཡིག་ཚགས་དང་ཟིན་ཐོ་དོ་དམ་ཅུད་ལ་རྩིས་སྤྲོད་བྱས་ནས་བདག་དམ་བྱེད་དུ་འཇུག་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 
ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ། 

འཛམ་གླིང་སྐར་ཁུངས།

▶རྒྱལ་ཁབ་འདིར་མེ་རི་འཕྱུར་ཞིང་རྒྱལ་སའི་ཆ་ཤས་ཆུས་བསྣུབས་པ་དང་་་

ཨོ་ཁེ་ལན་སློབ་ཆེན་གྱི་མེ་རིའི་ཆེད་མཁས་པ་དགེ་རྒན་ཆེན་མོ་བ་Shane Croninཡིས་ཐེངས་འདིའི་མེ་རི་འཕྱུར་བ་ནི་ཐང་ཀར་ཉེ་བའི་ལོ་ངོ་30རིང་ཐོན་པའི་མི་རི་ཆེ་ཤོས་དེ་ཡིན་པ་དང་།

中央广播电视总台 央广网 版权所有

ཐེ་རོན་ཕུས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་རང་ཁྱིམ་དུ་ཁྱེར་བ།

གཏན་འབེབས་ལྟར་ན་ཨ་རིའི་ཙུང་ཐུང་གིས་ངེས་པར་དུ་འགན་བཞེས་རིང་གི་ལས་ཀའི་ཡིག་ཆ་ཡོངས་རྒྱལ་ཁབ་ཡིག་ཚགས་དང་ཟིན་ཐོ་དོ་དམ་ཅུད་ལ་རྩིས་སྤྲོད་བྱས་ནས་བདག་དམ་བྱེད་དུ་འཇུག་དགོས།