ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶རྒྱལ་ཁབ་འདིར་མེ་རི་འཕྱུར་ཞིང་རྒྱལ་སའི་ཆ་ཤས་ཆུས་བསྣུབས་པ་དང་་་

2022-01-17 17:05:00     责编:娜科

    ལྷོ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཐང་ཀ་ཧུང་ཨ་ཧ་ཨ་ཕཱ་དབྱི་གླིང་ཕྲན་གྱི་མེ་རི་ཞིག་དྲག་ཏུ་འཕྱུར་བ་དང་། BBCཡིས་གནས་ཚུལ་སྤེལ་བ་ལྟར་ན་འབར་གས་བྱུང་བའི་སྒྲ་ཆེན་པོས་ཐང་ཀའི་རྒྱལ་སའི་སྡོད་དམངས་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་འདྲའི་ཚོར་བ་སྟེར་ཡོད། ཡིན་ནའང་དེ་དང་བསྟུན་ནས་ཐོན་པའི་རྒྱ་མཚོའི་རླུང་འཚུབ་ཀྱིས་ཐང་ཀའི་རྒྱལ་ས་ནུའུ་ཁུའུ་ཨ་ལོ་ཧྥའི་ཆ་ཤས་ནུབ་པ་རེད།

    

ཐང་ཀའི་ས་གཤིས་སྡེ་ཁག་གིས་བསྟན་དོན། མེ་རི་འཕྱུར་བའི་གཞི་ཁྱོན་ཆེན་པོ་ཡོད་པ་དང་། མེ་རིའི་ཐལ་རྡུལ་དང་ཕྱི་རུ་འཕྱུར་བའི་རླངས་གཟུགས་འབོར་ཆེན་གྱིས་ཤ་མོའི་སྤྲིན་ཕུང་ཆེན་པོ་གྲུབ་ཅིང་། རྩེ་མོ་སྟོང་སྨི་20ཟིན་པའི་མཁའ་དབྱིངས་སུ་སླེབས་ཡོད་པ་དང་། ཐང་ཀའི་རྒྱལ་ས་ནས་ཐད་ཀར་མཐོང་ཐུབ་ཀྱི་ཡོད་པ་དེ་བསྐལ་པའི་མཐའ་མར་སླེབས་པའི་སྣང་ཚུལ་དང་འདྲ། ཐང་ཀའི་ཉེ་འཁོར་གྱི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཧྥེ་ཅི་དང་ཝ་ནུའུ་ཨ་ཐུ། ནེའུ་ཁེ་ལི་ཏོ་ཉི་ཡ། ནེའུ་ཙི་ལན་བཅས་དང་། ཐ་ན་བར་ཐག་སྟོང་སྨི་3000ལྷག་གི་ཕྱི་རུ་ཡོད་པའི་ཨོ་སི་ཁྲུ་ལི་ཡ་རུ་ཡང་རྒྱ་མཚོའི་རླུང་འཚུབ་ཀྱི་སྔོན་བརྡ་བཏང་ཡོད་པ་རེད། ཡིན་ནའང་རྒྱ་མཚོའི་རླུང་འཚུབ་ཀྱི་རིམ་པ་དེ་འདྲའི་ཆེན་པོ་མེད། ཐང་ཀའི་རྒྱལ་ས་ནུའུ་ཁུའུ་ཨ་ལོ་ཧྥར་ཅུང་ཚབས་ཆེན་ཡོད་པ་ཕུད། ས་ཁུལ་གཞན་ཚང་མར་ཤུགས་རྐྱེན་ཆེན་པོ་མེད་པ་རེད།

 

 

 

    ཨོ་ཁེ་ལན་སློབ་ཆེན་གྱི་མེ་རིའི་ཆེད་མཁས་པ་དགེ་རྒན་ཆེན་མོ་བ་Shane Croninཡིས་ཐེངས་འདིའི་མེ་རི་འཕྱུར་བ་ནི་ཐང་ཀར་ཉེ་བའི་ལོ་ངོ་30རིང་ཐོན་པའི་མི་རི་ཆེ་ཤོས་དེ་ཡིན་པ་དང་། རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཡོལ་ཟིན་ཡོད། ཡིན་ནའང་རྗེས་མཐུད་དུ་དྲག་ཆར་རླུང་འཚུབ་ལྟ་བུའི་མེ་རིའི་ཐལ་རྡུལ་འབབ་རྒྱུ་ཡིན་པ་བསྟན་ཡོད། དགེ་རྒན་ཆེན་མོ་བས་སྔོན་དཔག་བྱས་པ་ལྟར་ན། ཐང་ཀར་མེ་རིའི་ཐལ་རྡུལ་འབོར་ཆེན་འབབ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 
ཞུ་དག བསྟན་འཛིན།

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

དབྱིན་ཇིས་ཧྭ་ཝེ་ཀུང་སིར་གསང་མྱུལ་མངགས་པ་དེ་བདེན་ནམ།

ཉེ་ཆར་སིང་ཀ་ཕོར་གྱི་དེ་སྔའི་ཕྱི་འབྲེལ་དཔོན་མ་ཁའེ་ཧྲོ་ཡིས་དབྱིན་ཇིའི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་ཞིག་དབྱིན་ཇིས་ཧྭ་ཝེ་ཀུང་སིའི་ནང་ཁུལ་དུ་གསང་འཕྲིན་མི་སྣ་མངགས་ཏེ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་རྗེས། ཧྭ་ཝེ་ལ་འཇིགས་སྐུལ་གང་ཡང་མེད་པའི་

中央广播电视总台 央广网 版权所有

▶རྒྱལ་ཁབ་འདིར་མེ་རི་འཕྱུར་ཞིང་རྒྱལ་སའི་ཆ་ཤས་ཆུས་བསྣུབས་པ་དང་་་

ཨོ་ཁེ་ལན་སློབ་ཆེན་གྱི་མེ་རིའི་ཆེད་མཁས་པ་དགེ་རྒན་ཆེན་མོ་བ་Shane Croninཡིས་ཐེངས་འདིའི་མེ་རི་འཕྱུར་བ་ནི་ཐང་ཀར་ཉེ་བའི་ལོ་ངོ་30རིང་ཐོན་པའི་མི་རི་ཆེ་ཤོས་དེ་ཡིན་པ་དང་།