ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོ་དང་ཨ་རིའི་ལུས་རྩལ་པའི་བར་གྱི་མཛའ་བརྩེ།

2022-02-16 11:02:00     责编:卓玛才让

     སྤྱི་ཚེས་14ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་ཀྱི་བུད་མེད་ཀྱི་གནམ་མཐོངས་རྩེད་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་བཞི་ལ་ཞུགས་མྱོང་བའི་ཀྲུང་གོའི་འགྲན་ཞུགས་པ་ཞུས་མེང་ཐའོ་ནས་མཇུག་མཐའི་མཆོངས་ཐེངས་གཅིག་ལ་བརྟེན་ཏེ་སྐར་གྲངས་108.61གི་ཐོག་ནས་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་རང་མོས་རྣམ་པའི་གངས་ཤུད་ཀྱི་གནམ་མཐོངས་རྩེད་རྩལ་རུ་ཁག་གི་ལོ་ངོ་16རིང་གི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་ཡོད།

     ཞུས་མེང་ཐའོ་ལ་གསེར་གྱི་རྟགས་མ་ཐོབ་པ་གཏན་འཁེལ་བྱུང་རྗེས། ཨ་རིའི་འགྲན་ཞུགས་པ་ཨ་ཧྲི་ལི་ཁོ་ཏི་ཝེར་གྱིས་མདུན་དུ་བསྐྱོད་ནས་དགའ་སྤྲོས་ཁེངས་པའི་ཞུས་མེང་ཐའོ་དང་དམ་པོར་འཐམ་པ་དང་། ཁ་ནས་ཞུས་མེང་ཐའོ་ལ་ཐའོ་ཐའོ་ཞེས་གཅེས་མིང་འབོད་ཞོར་དུ་ཞུས་མེང་ཐའོ་ཡིས་རང་ཉིད་ཀྱི་ཕ་ཡུལ་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས་པར་རྟེན་འབྲེལ་ཞུས་ཡོད།

“ Taotao,Olympic champion!

(ཐའོ་ཐའོ། ཁྱེད་ནི་ཨོ་ལིམ་ཕིག་གི་ཨང་དང་པོ་རེད།)”

“I'm so proud of you”

(ང་རང་ཁྱེད་ཀྱི་དོན་དུ་དགའ་སྤྲོ་སྐྱེས་ཡོད།)

     འགྲན་ཟླ་ཡིན་ལ་གྲོགས་པོ་ཡང་ཡིན། དེ་ནི་ཨོ་ལིམ་ཕིག་གི་དོན་སྙིང་ཡིན་ཞིང་། ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་ལུས་རྩལ་པ་ཡོངས་ལ་གུས་འདུད་ཞུ་འོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶རྒྱལ་ཁབ་འདིར་མེ་རི་འཕྱུར་ཞིང་རྒྱལ་སའི་ཆ་ཤས་ཆུས་བསྣུབས་པ་དང་་་

ཨོ་ཁེ་ལན་སློབ་ཆེན་གྱི་མེ་རིའི་ཆེད་མཁས་པ་དགེ་རྒན་ཆེན་མོ་བ་Shane Croninཡིས་ཐེངས་འདིའི་མེ་རི་འཕྱུར་བ་ནི་ཐང་ཀར་ཉེ་བའི་ལོ་ངོ་30རིང་ཐོན་པའི་མི་རི་ཆེ་ཤོས་དེ་ཡིན་པ་དང་།

中央广播电视总台 央广网 版权所有

ཀྲུང་གོ་དང་ཨ་རིའི་ལུས་རྩལ་པའི་བར་གྱི་མཛའ་བརྩེ།

སྤྱི་ཚེས་14ཉིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་ཀྱི་བུད་མེད་ཀྱི་གནམ་མཐོངས་རྩེད་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད།