ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གི《ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད》སོཊ་དཔར་འགྲེམ་བྱས།

2023-04-10 10:51:00     责编:娜科

     ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་གཞོགས་འདེགས་བྱེད་ཆེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཅས་དང་མཉམ་འབྲེལ་གྱིས་ཁག་སོ་སོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་《ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད་》དང་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་གཅེས་བསྒྲིགས།》 《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གཅེས་བསྒྲིགས་》བཅས་སློབ་སྦྱོང་དཔྱད་གཞི་གསུམ་རྩོམ་སྒྲིག་བྱས་པ་མ་ཟད། དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད། 

     སློབ་སྦྱོང་དཔྱད་གཞི་གསུམ་པོ་དེ་དག་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྙན་ཞུ་དང་། གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་སློབ་སྦྱོང་དཔྱད་གཞི་བསྡུ་རུབ་གཅེས་བསྒྲིགས་བྱས་ཡོད་པ་དང་། དེ་དག་ཁྲོད་ཀྱི་ནང་དོན་འགའ་ཤས་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་རེད། 

     རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ སློབ་སྦྱོང་ཇི་མ་ཇི་བཞིན་བྱེད་པ་དང་། བསམ་བློ་མང་ཙམ་གཏོང་བ། གོ་བ་གཏིང་ཟབ་ལོན་པ་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཤུགས་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲ་ཞིང་བརྟན་པའི་ཕུགས་བསམ་དང་། ཏང་གཤིས་ཞུན་བརྡར་དང་ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱ་དགོས། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། 

འཛམ་གླིང་སྐར་ཁུངས།

མི་འདི་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཆགས་འདུག

ཨ་རིའི་Amazonཀུང་སིའི་མ་རྐང་རིན་གོང་ཆེས་ཆེར་ཆག་པས། དེའི་གསར་གཏོད་པ་ཅེ་ཧྥུའུ·པེ་སུའོ་སིའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་1140ཡིན་ཞིང་། དེ་སྤྱི་ལོ་2022ལོ་ལས་ཨ་སྒོར་དུང་ཕྱུར་570ཉུང་དུ་ཕྱིན་པ་དང་།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གི《ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད》སོཊ་དཔར་འགྲེམ་བྱས།

སློབ་སྦྱོང་དཔྱད་གཞི་གསུམ་པོ་དེ་དག་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྙན་ཞུ་དང་། གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་སློབ་སྦྱོང་དཔྱ