ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་ཟླ་བ་དང་པོ་དང་གཉིས་པའི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་བྱུང་བ།

2024-03-21 11:21:00     责编:娜科
       འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་3ཚེས་18ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པར། སྤྱི་ཁོག་སྲིད་ཇུས་ཁག་ལ་ཕན་འབྲས་ཡག་པོ་ཐོན་པ་དང་བསྟུན་ནས་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་བྱུང་ཡོད་པ་རེད།

ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་7འཕར་བ་དང་། དེ་ན་ནིང་ཟླ་བ་12པ་ལས་བརྒྱ་ཆའི་གནས་0.2ཀྱིས་མགྱོགས་སུ་སོང་ཡོད། ཞབས་ཞུའི་ལས་རིགས་གོང་འཕེལ་ཡག་པོ་བྱུང་བ་དང་། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ་5.8འཕར་ཡོད། ཞག་སྡོད་དང་། བཟའ་བཏུང་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་གསོག་འཇོག སྦྲག་སྲིད་ལས་སྒོ་བཅས་རྒྱུན་མཐུད་ངང་མགྱོགས་པོ་འཕར་བ་དང་། མི་སྣ་འགྲོ་འོང་དང་ཟོག་འདྲེན་སོགས་ཀྱི་གྲུབ་ཆ་འཁོར་རྒྱུག་སྔར་བས་འཁྲུག་ཆ་དོད་དུ་སོང་ཡོད། ད་ལོའི་ཟླ་བ་དང་པོ་དང་གཉིས་པར། ལས་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་བརྒྱ་ཆ་27.4འཕར་བ་དང་། ཞབས་ཞུའི་སིལ་ཚོང་བསྡོམས་འབོར་བརྒྱ་ཆ་12.3འཕར་ནས། ཞབས་ཞུའི་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོའི་སྐུལ་ཁྲིད་འོག ཞབས་ཞུའི་ལས་རིགས་ཀྱི་འཕེལ་ཁ་རྒྱུན་མཐུད་ཟླ་བ་གཉིས་བཟང་པོ་བྱུང་ཞིང་། ལས་སྒོའི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་མཐོ་པོར་གནས་ཡོད་པ་རེད།

མཁོ་སྤྲོད་ཕྱོགས་ནས་བལྟས་ཚེ། བཟོ་ལས་ཁྲོད་ཀྱི་བཅུ་ཆ་དགུ་ཡན་གྱི་ལས་རིགས་དང་། བཅུ་ཆ་དྲུག་ཡན་གྱི་ཐོན་རྫས་དུས་མཚུངས་ལས་འཕར་སྣོན་བྱུང་ཡོད། འཛད་སྤྱོད་དངོས་རྫས་ཀྱི་བཟོ་སྐྲུན་ལས་རིགས་དང་མཐོ་གསར་ལག་རྩལ་ཀྱི་བཟོ་སྐྲུན་ལས་རིགས་འཕར་སྣོན་མགྱོགས་པོ་བྱུང་ཡོད།

དགོས་མཁོའི་ཕྱོགས་ནས་བལྟས་ཚེ། ཁྲོམ་རའི་འཛད་སྤྱོད་མུ་མཐུད་སླར་གསོ་བྱུང་བ་དང་། རིམ་འཕར་རང་བཞིན་གྱི་ཚོང་ཟོག་གི་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་ཐུབ་བཞིན་ཡོད། ཟླ་བ་དང་པོ་དང་གཉིས་པའི་བར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི8དང་1307ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ་5.5འཕར་ཡོད། དངུལ་གྲངས་ཚད་གཞི་བཟོས་པའི་འཕྲིན་གཏོང་ཡོ་ཆད་རྒྱུ་ཆའི་རིགས་དང་། ལུས་རྩལ་རོལ་རྩེད་དངོས་རྫས་རིགས་ཀྱི་ཚོང་ཟོག་བཙོངས་པའི་དངུལ་འབོར་གཉིས་ཀ་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་བྱུང་ཡོད།

མ་འཇོག་གི་ཕྱོགས་ནས་བལྟས་ཚེ། ཟླ་བ་དང་པོ་དང་གཉིས་པར། རྒྱལ་ཡོངས་སུ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་50847ལེགས་འགྲུབ་ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ་4.2འཕར་བ་དང་། འཕར་བའི་མྱུར་ཚད་དེ་2023ལོ་ཧྲིལ་པོ་ལས་བརྒྱ་ཆའི་གནས་1.2ཀྱིས་མགྱོགས་པ་བྱུང་ཡོད། དེའི་ཁྲོད། ཟླ་བ་དང་པོ་དང་གཉིས་པའི་བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་འཕར་ཚད་དེ་བརྒྱ་ཆ་9.4ཟིན་པ་དང་། དེ་བརྒྱ་ཆའི་གནས་2.9མགྱོགས་སུ་སོང་བ་དང་། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་དང་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཅོས་ལ་མ་འཇོག་བྱེད་ཚད་དེ་ཁག་སོ་སོར་བརྒྱ་ཆ་9.4དང་བརྒྱ་ཆ་15.1འཕར་ཞིང་། འཕར་ཚད་མྱུར་པོ་རྒྱུན་འཁྱོངས་ཐུབ་ཡོད། བཟོ་སྐྲུན་ལས་རིགས་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་བཅས་དམངས་ཁྲོད་མ་འཇོག་ཚང་མ་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་བྱུང་ཡོད། དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ཆེད་མ་རྩ་རུབ་བསྡུས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲུབ་ཆར་འགན་སྲུང་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཐུབ་པ། དེ་བཞིན་གཙོ་གནད་ཁྱབ་ཁོངས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་མགྱོགས་མྱུར་བསྐྲུན་པ་བཅས་དང་བསྟུན་ནས། མ་འཇོག་མུ་མཐུད་བརྟན་པོའི་ངང་འཕར་སྣོན་འགྲོ་ཐུབ་རེ་ཡོད་པ་རེད། །

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ད་ལོའི་ཟླ་བ་དང་པོ་དང་གཉིས་པའི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་བྱུང་བ།

གཙོ་གནད་རྣམ་གྲངས་མགྱོགས་མྱུར་བསྐྲུན་པ་བཅས་དང་བསྟུན་ནས། མ་འཇོག་མུ་མཐུད་བརྟན་པོའི་ངང་འཕར་སྣོན་འགྲོ་ཐུབ་རེ་ཡོད་པ་རེད། །