ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྐབས་གསུམ་པའི་༼དམངས་གཙོ། མིའི་རིགས་ཧྲིལ་པོའི་ཐུན་མོང་རིན་ཐང་༽ཞེས་པའི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ཡག་པོ་གཉེར་བ།

2024-03-21 11:18:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།          སྐབས་གསུམ་པའི་༼དམངས་གཙོ།  མིའི་རིགས་ཧྲིལ་པོའི་ཐུན་མོང་རིན་ཐང་༽ཞེས་པའི་རྒྱལ་སྤྱིའི་གླེང་སྟེགས་དེ་སྤྱི་ཚེས་༢༠ཉིན་པེ་ཅིང་དུ་གཉེར་བ་དང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་སྒྲིག་འཛུགས་བཅས་མང་པོའི་སྐུ་མགྲོན་༢༠༠ལྷག་ཙམ་གྱིས་༼དམངས་གཙོ་དང་བཅོས་སྐྱོང་དེང་རབས་ཅན་༽ཞེས་པ་དང་། ༼གྲངས་འཛིན་དུས་རབས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་༽ཞེས་པ།  ༼མི་ཐབས་རིག་ནུས་དང་དམངས་གཙོའི་འབྱུང་འགྱུར་༽ཞེས་པ་སོགས་ཀྱི་གྲོས་གཞིས་གྲོས་བསྡུར་བྱས་པ་དང་། དམངས་གཙོའི་དོན་སྙིང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལམ་བུའི་སྐོར་ལ་མཉམ་གྲོས་བྱས་ཡོད། 

ཚོགས་ཞུགས་སྐུ་མགྲོན་གྱིས།  དམངས་གཙོ་ནི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་ཡིན་པ་དང་། དེའི་དམིགས་ཡུལ་ནི་མིའི་རིགས་ཧྲིལ་པོའི་བདེ་སྐྱིད་འགན་ལེན་དང་ཆེ་རུ་གཏོང་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་ཡོད། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དམངས་གཙོ་དོན་གཉེར་དང་། དམངས་གཙོ་གོང་འཕེལ།  དམངས་གཙོ་མངོན་འགྱུར་བཅས་བྱེད་པའི་འཚོལ་ཞིབ་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ནས་རང་བདག་ངང་གོང་འཕེལ་གྱི་འགྲོ་ལམ་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་བྱེད་པ། དམངས་གཙོའི་མིང་གི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཕྲལ་བཟོ་བ་དང་།  ཕྱོགས་རིས་སྤེལ་བ། ཞི་བདེར་གཏོར་བཤིག་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པ།  ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས་པའི་ངོས་འཛིན་བྱས་ཡོད།

གླེང་སྟེགས་དེ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུད་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

སྐབས་གསུམ་པའི་༼དམངས་གཙོ། མིའི་རིགས་ཧྲིལ་པོའི་ཐུན་མོང་རིན་ཐང་༽ཞེས་པའི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ཡག་པོ་གཉེར་བ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུད་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་པ་རེད།