ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འབྲོག་ར་ནས་དབྱུག་རྩེད་སྤོ་ལོའི་ཐང་བར། བོད་རིཊ་སློབ་མ་དེ་ཚོས་་་

2024-03-19 11:12:00     责编:娜科

ལོ་12ལ་སླེབས་པའི་ལྷ་མོ་དོན་གྲུབ་ཀྱིས་དབྱུག་རྩེད་སྤོ་ལོ་སྦྱངས་ནས་ལོ་གཉིས་འགོར་བ་དང་། ན་གཞོན་ཁོང་ལྟས་བཟོ་འདོད་པའི་དབྱུག་རྩེད་སྤོ་ལོའི་གྱོན་ཆས་ལ་དགའ་པོ་ཡོད་ལ། ལུས་རྩལ་འདིས་གཤིས་རྒྱུད་གྱོང་པའི་ན་གཞོན་ཁོང་གི་བློ་རྩ་སྔར་བས་བརྟན་དུ་བཏང་ཡོད། 

 

 

ལྷ་མོ་དོན་གྲུབ་ཀྱི་ཕ་ཡུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཤང་ཡིན་པ་དང་། གུང་ཧོ་རྫོང་གི་ས་བབ་སྨི་3000ཙམ་ཟིན་ཞིང་། དེ་གར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་གཏིང་ཟབ་པའི་གྲོག་རོང་ཡོད་པ་དང་། འདི་ནས་ནར་སོན་པའི་ཕྲུ་གུ་ཚོ་རང་བྱུང་ཁམས་དང་འབྲེལ་འདྲིས་ཤིན་ཏུ་དམ་པོ་ཡོད། 

 

 

ལྷ་མོ་དོན་གྲུབ་སློབ་སྦྱོང་བྱེད་སའི་གུང་ཧོ་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་དང་པོར།

ཁྱོན་བསྡོམས་སློབ་མ་1700ལྷག་ཙམ་ཡོད་ཅིང་། 2011ལོར་སློབ་གྲྭས་དབྱུག་རྩེད་སྤོ་ལོའི་རུ་ཁག་བཙུགས་པ་དང་། དབྱུག་རྩེད་སྤོ་ལོའི་སློབ་གསོ་ཡང་རིམ་གྱིས་སློབ་གྲྭའི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱེད་སྒོ་ཞིག་ཏུ་གྱུར་ཡོད།

 

 

སློབ་གྲྭ་དེའི་སློབ་སྤྱི་བསོད་ནམས་དར་རྒྱས་ཀྱིས། དང་ཐོག་དགེ་རྒན་ཁ་ཤས་ཀྱིས་ཕྲུ་གུ་ཚོས་དབྱུག་རྩེད་སྤོ་ལོའི་སྦྱོང་བརྡར་ཐད་དུས་ཚོད་མང་པོ་སྤྱད་ན། རིག་གནས་སློབ་ཚན་སྦྱོང་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་། ཡུན་རིང་མ་སོང་བར། དབྱུག་རྩེད་སྤོ་ལོ་སྦྱོང་མཁན་གྱི་ཕྲུ་གུ་ཚོའི་གཟུགས་པོའི་བྱང་ཚད་ཡག་པ་ཡོད་པ་མ་ཟད། ཕྱིར་འགྲན་བསྡུར་ལ་བསྐྱོད་པ་དེས་ད་དུང་ཕྲུ་གུ་ཚོའི་ལྟ་རྒྱ་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ཡོད་པ་དགེ་རྒན་ཚོས་རྒྱུས་ལོན་བྱུང་རྗེས། དེའི་སྔའི་ལྟ་སྟངས་ལ་འགྱུར་བ་བཏང་ནས།  སློབ་མ་ཚོར་དབྱུག་རྩེད་སྤོ་ལོ་སྦྱོང་དགོས་པའི་བསྔགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 

 

 

2014ལོར་ཀོང་ཏུང་ཀྲུང་ཧྲན་དུ་གཉེར་བའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཞིག་གི་ནང་། ཕྲུ་གུ་ཚོས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཚབ་བྱས་ཏེ། འགོ་འཛུགས་འགྲན་བསྡུར་ནང་བསྡུར་གྲངས་20:0གྱི་ཕུལ་བྱུང་སྦྱངས་འབྲས་ཐོག་ནས་འགྲན་ཟླ་ལས་རྣམ་པར་རྒྱལ་བས། དེ་ཞུགས་ལྟད་མོ་བ་རྣམས་ཧང་སངས་པར་གྱུར་བ་མ་ཟད།  སློབ་མ་དེ་བས་མང་བར་སྐུལ་མ་ཐེབས་ཏེ་འཚང་ཁ་ཤིག་ཤིག་ངང་དབྱུག་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས།

 

 

དབྱུག་རྩེད་སྤོ་ལོའི་རུ་ཁག་གི་ཆེད་ལས་རྩལ་ཁྲིད་པ་བྱམས་བཟང་རྒྱལ་དང་ཐོག་མར་ས་ཆ་དེ་གའི་སློབ་གྲྭའི་ནང་ནས་དབྱུག་རྩེད་སྤོ་ལོ་སྦྱངས་པ་རེད། ད་ཆ་ཁོང་གིས་སྔ་ཕྱིར་རུ་མི་ཁག་དགུ་ཁྲིད་ཡོད།

ཁོང་གིས་ད་ཆ་སློབ་གྲྭའི་ནང་དབྱུག་རྩལ་སྤོ་ལོ་སྦྱོང་མཁན་སློབ་མ་90ཙམ་ཡོད་པ་དང་།

བོད་རིགས་ཕྲུ་གུ་ཚོ་ཐེག་ཤུགས་ཅུང་ཆེ་བ་མ་ཟད། ཕྲུ་གུ་མང་ཆེ་བའི་དཔུང་ཤུགས་ཀྱང་ཆེན་པོ་ཡོད་པས།

ཁོང་ཚོར་དབྱུག་རྩལ་སྤོ་ལོ་སྦྱོང་བའི་ལྷན་སྐྱེས་ཀྱི་མཐུན་རྐྱེན་བཟང་པོ་འཛོམས་ཡོད་ཅེས་གསུངས།

 

 

 

རྡོ་རྗེ་རྒྱལ་མཚན་ནི་དབྱུག་རྩེད་སྤོ་ལོའི་རུ་ཁག་གི“རུ་མི་རྒན་གྲས”ཡིན་པ་དང་། ཁོང་གི་གཅེན་པོ་དོན་གྲུབ་ཚེ་རིང་སློབ་ཆུང་སྐབས་དབྱུག་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་ཤིང་། ད་ཆ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དབྱུག་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཞིག་རེད། ཁྱིམ་ནང་དུ་ཨ་ཕས་ཁོང་གཉིས་ལ་དབྱུག་རྩེད་སྤོ་ལོའི་སྒྲིག་ཆས་ཆ་ཚང་ཉོས་ཡོད། གུང་གསེང་སླེབས་རིམ་བཞིན་དུ། རྡོ་རྗེ་རྒྱལ་མཚན་གྱིས་གཅེན་པོ་དང་མཉམ་དུ་འབྲོག་རར་དབྱུག་རྩེད་སྤོ་ལོ་རྒྱག་པར་འགྲོ་གི་ཡོད།

 

དབྱུག་རྩེད་སྤོ་ལོའི་ལུས་རྩལ་རྣམ་གྲངས་དེ་རྒྱུན་བསྐྱངས་པ་ལས། ཕྲུ་གུ་ཚོའི་གཟུགས་པོ་ཐང་དུ་ཕྱིན་ཡོད་ལ། ཕྲུ་གུ་མི་ཉུང་བ་ཞིག་གི་སློབ་རིམ་འཕར་བ་དང་ལས་ཞུགས་ཐད་ལ་གདམ་ག་མང་པོ་མཁོ་འདོན་བྱས་ཡོད།

དབྱུག་རྩེད་སྤོ་ལོའི་ཤེས་ལྡན་མི་སྣའི་རུ་ཁག་འཛུགས་པ་དང་། ཕྲུ་གུ་ཚོར་ཆུང་དུས་ནས་རྨང་གཞི་ཡག་པོ་ཞིག་འདིང་ཆེད། མཚོ་ལྷོ་ཁུལ་སློབ་གསོ་ཅུས་ཀྱིས་2006ལོ་ནས་བཟུང་། སློབ་ཆུང་། དམའ་རིམ་སློབ་འབྲིང་།

དེ་བཞིན་མཐོ་རིམ་སློབ་འབྲིང་བཅས་སུ་དབྱུག་རྩེད་སྤོ་ལོའི་སློབ་གསོ་སྤེལ་བ་དང་། སྦྱངས་འབྲས་ལེགས་པའི་ཕྲུ་གུ་ཁ་ཤས་ད་དུང་ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་སོགས་མཐོ་སློབ་ཀྱིས་སྐོང་བསྡུ་བྱས་ཡོད།

 

 

ད་ལོའི་དབྱར་ཁའི་གུང་གསེང་གི་སྐབས་སུ། ཕྲུ་གུ་ཚོ་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཞིག་གི་ནང་ཞུགས་རྒྱུ་རེད།

ཤུགས་རྒྱོབ། ན་གཞོན་ཚོ། མཚར་སྡུག་བཀྲ་བའི་མ་འོངས་ཀྱི་ཕྱོགས་སུ། ཤུགས་རྒྱོབ།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། རྡོ་ཐར།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

འབྲོག་ར་ནས་དབྱུག་རྩེད་སྤོ་ལོའི་ཐང་བར། བོད་རིཊ་སློབ་མ་དེ་ཚོས་་་

ད་ལོའི་དབྱར་ཁའི་གུང་གསེང་གི་སྐབས་སུ། ཕྲུ་གུ་ཚོ་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཞིག་གི་ནང་ཞུགས་རྒྱུ་རེད།